དཔའ་རྒོད་ལགས
དཔའ་རྒོད་ལགས
ཚ་བསྲེགས་ཀྱི་མེ་ལྕེ་དེས
ཁྱེད་ཀྱི་ཤ་རུས་བཟས་ཀྱང
ཁྱེད་ཀྱི་མི་རིགས་ལ་བཅངས་བའི་ བརྕེ་སེམས་དང་ལ་རྒྱ་ནི
དུས་ནང་ཡང་དམར་རྗེན་དུ་གནས
ཁྱེད་འདི་ལྟར་བཞུད་སོང་མོད
ཁྱེད་ཀྱི་བཞུད་ལམ་དུ
ད་དུང་ཡང་ཚེ་སྲོག་གྲངས་མེད་ཀྱི ས་རྗེས་འདེབས་ཞུ་ངེས་ལ
ཁྱེད་ཀྱི་དགོས་འདོད་དེ
ང་ཚོས་ཅིས་ཀྱང་དགོང་ལ་འཕྱར་ནས
མི་རིགས་འདིའི་འཐབ་རྩོད་མུ་མཐུ ད་བྱེད་ངེས་ཡིན
ཁྱེད་ཀྱི་སྣང་གཟུགས་དེ་
དུས་ད་ནས་འཇིག་རྟེན་ནས་ཁ་བྲལ་ཀྱ ང
ཁྱེད་ཀྱི་རྣམ་ཤེས་ནི་དུས་ནམ་ཡང་ ཡལ་མི་སྲིད
ཁྱེད་སོང་དང
ཁྱེད་ཀྱི་རི་རབས་ལྟར་ལྕི་བའི་ཆོ ད་སེམས་དང
ཁྱེད་ཀྱི་རྒྱ་མཚོ་ལྟར་ཡངས་བའི་ ལ་ཞེན་ནི
དུས་རྟག་ཏུ་ང་ཚོའི་སེམས་ཁོང་ན་ གཅེས་ངེས
