ཀོ་ལེ་གྷལ་དུ་ལོ་སར་སྐབས་ནང་ཆོས་ངོ་སྤྲོད་བྱས་འདུག
ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ལོ་སར་ཚེས་ ༢ ཉིན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་སྤེལ་དེ། ས་གནས་མི་མང་ཚོགས་ཁང་ནང་། ཉིན་གང་རྒྱལ་བའི་ཞབས་རིམ་དང་བསྔོ་སྨོན་གསོག་སྒྲུབ་བྱས་ཡོད་པས་མ་ཚད། སྐྱབས་རྗེ་རྫོགས་ཆེན་པོ་མཆོག་གིས་མི་མང་ལ་ནང་ཆོས་ངོ་སྤྲོད་དང་ཡང་གནང་ཡོད་འདུག་པ་དང་།
ཚེས་ ༡༣ ཉིན་ས་གནས་གཞོན་ནུའི་གོ་སྒྲིག་འོག་ས་ཀོ་ལེ་གྷལ་རྒྱལ་བའི་ཕོ་བྲང་དུ་མི་མང་རྣམས་བསང་གསོལ་གཏོང་སར་བསྐྱོད་པའི་སྒོ་ཆེན་འགྲམ་ནས་བོད་ཀྱི་རྒྱལ་དར་ཕྱར་བ་དང་། གྲོ་སོ་ཕྱེ་མར་བཀྱག་ནས་མི་མང་སྣེ་ལེན་བྱས་ཏེ་༸གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠ འཁོར་བའི་དུས་དྲན་སྲུང་རྩི་བྱས་ཡོད་འདུག་པ་དང་། དེ་མིན་ནམ་རྒྱུན་ས་གནས་དེར་ལོ་སར་སྐབས་མི་མང་གིས་དགའ་སྤྲོའི་གླུ་ལེན་གར་འཁྲབ་བྱེད་པ་དང་། གྲོང་སྡེ་སོ་སོའི་འདུ་འཛོམས་སྤྲོ་སྐྱིད་གཏོང་སྲོལ་སོགས་ཡོད་ཀྱང་། ད་ལོར་དེ་ལྟ་བུའི་རྒྱས་སྤྲོས་ཀྱི་རྣམ་པ་སྣེ་གཅིག་ཀྱང་བྱས་ཡོད་པ་མ་རེད་ཅེས་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་ནས་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་སོང་།