ང་ཚོ་འགྲོ
སེམས་ཀྱི་སྐད་ཆ་བརྩེ་བའི་གྲོགས་ལ་བཤད།།
གཏན་གྱི་འདུན་མ་དམ་པའི་ཆོས་ལ་བཅོལ།།
མི་ཚེ་རིན་ཐང་ཤེས་བྱའི་གནས་ལ་སྦྱོར།།
འདི་གསུམ་གངས་ཅན་པ་ཡི་ཁྱད་ཆོས་ཡིན།།
མི་རྟག་ལོ་ཟླ་རྒས་པོ་ཕར་ལ་བསྐྱེལ།།
མི་འགྱུར་བཀྲ་ཤིས་གཡང་ཆཊ་བདེ་ལེཊ་དཔལ།།
མི་ནུབ་སྲིད་པའི་རི་བོ་རྩེ་མོའི་བར།།
མི་འཇིག་ཕུན་ཚོགས་སྡེ་བཞིས་ཁྱབ་པར་ཤོག།
ཞེས་མཐའ་འཁྱམ་པ་དོན་འགྲུབ་དཔལ་ལྡན་ནས།