ལོ་སར་སྐབས་ལྟ་མོ་ལྟ་རྒྱུ་རག་མ་སོང་།

འདི་ལོའི་ལོ་སར་སྐབས་བོད་ནང་གཞས་སྣ་འཁྲབ་ཀྱིས་མཚོན་ལྟད་མོ་ཡག་པོ་ཞིག་ལྟ་བསམ་སོང་ཡང་། བོད་ལྗོངས་བརྙན་འཕྲིན་ཐོག་རྒྱ་གཞུང་ལ་བསྟོད་པ་དང་། སྟོད་པ་དང་ཁམས་པ་ལ་འཕྱ་སྨོད་བྱེད་པ་ལས་ལྟད་མོ་ཡག་པོ་མང་པོ་བསྟན་མ་སོང་། མཚོ་སྔོན་བརྙན་འཕྲིན་ཐོག་སྒྱུ་རྩལ་བ་སྨན་ལྷ་སྐྱབས་ཀྱིས་མཚོན་མི་རེ་ཟུང་ལ་བསྟོད་པ་བྱས་ནས་སྡོད་པ་ལས། ལྟད་མོ་ཡག་པོ་མང་པོ་བསྟན་མ་སོང་། དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ལོ་སར་ཚེས་༣ དགོང་མོ་བོད་དོན་ལས་འགུལ་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ཞིག་བྱས་སོང་། དེར་བོད་མིའི་སྡུག་བསྔལ་གྱི་རྣམ་པ་གསལ་པོ་འདུག