རྡོ་ཡི་ཆར་པ་འབབ་ནས་མི་གྲངས་ཆིག་སྟོང་ཉིས་བརྒྱ་ལ་རྨས་སྐྱོན་ཕོག་འདུག

ཟླ་འདིའི་ཚེས་༡༤ ཉིན་ཨུ་རུ་སུའི་ལུང་པ་ནང་རྡོ་ཡི་ཆར་པ་འབབ་སྟེ་མི་གྲངས་༡༢༠༠ ལ་རྨས་སྐྱོན་ཕོག་ཡོད་པ་དང་དེའི་ནང་ནས་༢༠༠ ཕྲུ་གུ་ཆགས་ཡོད་པ་རེད། ཨུ་རུ་སུའི་སྲིད་འཛིན་པུས་ཊིན་གྱིས། མི་གྲངས་འདི་ཙམ་ལ་མ་གཏོགས་གནོད་སྐྱོན་མ་བྱུང་བ་ནི་དཀོན་མཆོག་གི་བཀའ་དྲིན་ཡིན་ཞེས་བརྗོད་ཡོད་པ་དང་། ད་ལྟའི་སྐབས་གཞུང་གི་མི་༢༠༠༠༠ བཏང་ནས་Ural mountains ས་ཁུལ་དུ་རྡོ་འཆར་གཙང་མ་བཟོ་བར་བཏང་ཡོད་འདུག རྡོ་འཆར་དངོས་སུ་མཐོང་མཁན་གྱི་མི་ཞིག་གིས་BBC གསར་འགོད་པར་བརྗོད་དོན། “ང་ལས་ཁུངས་སུ་ཡོད་པའི་སྐབས། སྒེའུ་བརྒྱུད་ནས་འོད་སྣང་ཆེན་པོ་ཞིག་གློ་བུར་དུ་ངའི་མདུན་དུ་འཁྱུགས་པ་མཐོང་བྱུང་། དེ་ནས་ལྕག་བསྲེགས་ཀྱི་དྲི་ངན་བྲོ་བ་དང་སྒེའུ་ཁུང་གི་ཕྱི་རོལ་དུ་དུ་བ་ལྷབ་ལྷུབ་འཕྱུར་གྱི་འདུག 

སྐར་ཆ་འགའི་རྗེས་སུ་སྒེའུ་ཁུང་ཕྱེས་ནས་ལྟ་དུས། འབར་གས་ཆེན་པོ་ཞིག་དང་དེ་འབྲེལ་གྱི་འབར་གས་ཆུང་ངུ་མང་པོ་མཐོང་གི་འདུག་”ཅེས་  “I was in the office when suddenly I saw a really bright flash in the window in front of me,” he said.”Then I smelt fumes. I looked out the window and saw a huge line of smoke, like you get from a plane but many times bigger.””A few minutes later the window suddenly came open and there was a huge explosion, followed by lots of little explosions.” བརྗོད་ཡོད་པ་རེད།

མཚན་རིག་དང་ས་ཡི་གོ་ལའི་འཁོར་ཕྱོགས་ཐད་ལ་གོ་བློ་ཐོས་བློ་ཅུང་ཟད་མེད་ན། ད་ཐེངས་རྡོ་འཆར་འབབ་པ་རེད་ཅེས་བརྗོད་དུས། དེ་ནི་རྣམ་རྟོག་དགུ་བརྩེགས་དང་འཇིག་རྟེན་ལ་བལྟས་ངན་བརྒྱུད་བཅུ་གྱ་གཅིག་རེད་ཅེས་བརྗོད་ངེས། ཡིན་ནའང།  འདི་ནི་གནད་དོན་ཆུང་ཆུང་ཞིག་ཡིན་པ་ལས་ད་དུང་དེ་ལས་ཆེ་བའི་རྡོ་ཆར་འབབ་སྲིད་ལ། དེ་ལས་ཀྱང་ས་ཡི་གོ་ལ་དུས་གཅིག་ལ་རྩ་མེད་གཏོང་ཐུབ་པའི་རྡོ་ཆེན་ཞིག  ང་ཚོའི་མགོ་ལ་ཉིན་རེ་བཞིན་འཁོར་བསྐྱོད་བྱས་ནས་འགྲོ་བཞིན་ཡོད། དབྱིན་ཡིག་ནང་རྡོ་ཆེན་དེ་ལ་ Asteroids, meteors ཞེས་བརྗོད་ཀྱི་ཡོད། ད་ལྟའི་སྐབས་འཛམ་གླིང་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་རྡོ་ཆར་འབབ་སའི་ས་གནས་དེར། རྡོ་རྣམས་ས་སྟེང་དུ་གཏིང་ཟབ་ལོད་མར་འཛུལ་ཡོད་མེད་སོགས་ཀྱི་བརྙན་པར་ཁྲ་ལྷམ་མེར་སྟོན་བཞིན་ཡོད། འགའ་རེ་ཟེར་ན་རྡོ་དེ་ཧ་ཅང་རྩ་ཆེན་དང་དེའི་ནང་རྡོ་རྗེ་ཕ་ལམ་མང་པོ་ཡོད་རབས་སོགས་ཤོད་བཞིན་ཡོད། དམིགས་བསལ་རྒྱ་གར་གྱི་བརྒྱུད་ལམ་རིགས་གཅིག་ནང། ས་གནས་དེར་ཐོག་མར་འབྱོར་མཁན་ལ་རྡོ་རྗེ་ཕ་ལམ་མང་པོ་རག་ཡོད་སྲིད་ཅེས་བརྗོད་ཀྱི་འདུག ཚན་རིག་པ་ཚོས་བརྗོད་ན། རྡོ་འཆར་དེའི་མགྱོགས་ཚད་མེ་མདའི་མདེའུ་ལས་ལྡབ་༡༥ མཐོ་བ་ཡོད་པ་དང་། དེའི་ཚོད་ཀྱིས་ཤུགས་ཚད་ཀྱང་ཧ་ཅང་མཐོན་པོ་ཡིན་པ་བརྗོད། ལོ་འདིའི་ནང་བར་སྣང་གི་རྡོ་ཆེན་དང་ས་ཡི་གོ་ལའི་འཁོར་ཕྱོགས་དང་ཉེ་སར་ཡོང་གི་ཡོད་པ་དང་། གལ་ཏེ་རྡོ་ཆེན་དང་ས་ཡི་གོ་ལ་གདོང་ཐུག་བརྒྱབ་ན་གོ་ལ་འཐོར་བཤིག་ལ་ཉེན་ཁ་ཡོད་ཚུལ་ཡང་བརྗོད་ཀྱི་ཡོད། གང་ལྟརརྡོ་འཆར་དེ་འདྲ་བ་འབབ་པའི་སྐབས། ཁང་ཁྱིམ་དང་ཤིང་སྡོང་སོགས་ཕྱིར་སྣོད་ཀྱི་འཇིག་རྟེན་ལ་ཆག་སྒོ་ཆེན་པོ་ཡོང་རྒྱུ་ཡིན་པ་ནི་བཤད་མི་དགོས་པ་ཞིག་ཡིན་འདུག