བོད་པ་བཙན་བྱོལ་བ་ཚོ་རྒྱ་གར་གྱི་མི་སེར་ཆགས་པའི་དུས་ལ་བབས་ཡོད།
རྩོམ་པ་པོ། མོའོ་ར་མོ་ནིའི་ཧེན
(ཁོང་ནི་ནུའུ་ཡོ་རྩོམ་པ་པོ་དང་གསར་འགོད་པ་ཞིག་ཡིན་པ་དང་།རྒྱ་གར་དུ་བཙན་བྱོལ་བོད་མིའི་ལྷན་དུ་བོད་དོན་ཐད་ཕྱག་ལས་ལོ་མང་གནང་མྱོང་ཡོད་མཁན་ཞིག་རེད།)
བོད་པའི་ལོ་གསར་གྱི་ཟླ་བ་འདིའི་ནང་། ང་ཚོས་མཐོང་རྒྱུ་བྱུང་བ་ནི་ཡིད་སྐྱོ་བའི་གནས་སྟངས་ཤིག་རེད། མི་གྲངས་བརྒྱ་ལྷག་བརྒལ་བའི་བོད་པ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ཡུལ་ཏུ་ཕྱིར་གདན་འདྲེན་ཞུ་པར་རང་ཉིད་ཀྱི་ཚེ་སྲོག་མཆོད་མེར་བསྒྲོན་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་དང་། གཟའ་འཁོར་སྔོན་མར། ཉེ་ཆར་རང་བོད་ནས་བཙན་བྱོལ་ཏུ་ཡོང་བའི་བོད་པའི་གྲྭ་པ་ཞིག་གིས། བལ་ཡུལ་ཀཱ་ཐི་མེན་ཀྲུའུ་རུ་རང་ལུས་མེར་སྲེག་བཏང་པ་དང་། དེ་ནས་ས་གནས་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད། ཁོང་གིས་རང་ལུས་མེར་སྲེག་བཏང་བའི་སྣང་བརྙན་དེའང་འཛམ་གླིང་ས་ཕྱོགས་གང་སར་མཐོང་རྒྱུ་བྱུང་ཡོད་ལ། འདིས་མི་ལོ་༦༠རིང་རྒྱ་ནག་གིས་བོད་པར་བཙན་ཤེད་བྱས་པའི་གསང་བ་དེ་ཉིད་བརྟོལ་རྒྱུ་བྱུང་བ་རེད།
བོད་པ་ཚོས་རང་ལུས་མེར་སྲེག་བཏང་བའི་དུས་སྐབས་འདིར། རྒྱ་དམར་གྱིས་དམག་དཔུང་ནས་བོད་ས་ཡོངས་སུ་སྐོར་ནས་ལྷོ་དང་ལྷོ་ཤར་ཨེ་ཤི་ཡ་ས་ཁྱོན་བཙན་གནོན་བཏང་བའི་དུས་སྐབས་འདིར། འཛམ་གླིང་མཉམ་འབྲེལ་ཚོགས་པས་རྒྱ་ནག་གི་བཙོན་འོག་ཏུ་གནས་ཤིང་གནོད་འཚེ་ཕོགས་མཁན་སོགས་སྐྱོབ་ཐབས་གནང་རྩིས་ཡོད་པའི་དུས་སྐབས་འདིར། ང་ཚོས་ཅིས་ཀྱང་བོད་པ་ཚོ་ཛ་དྲག་གི་གནས་སྟངས་འདི་ནས་ཇི་ལྟར་སྐྱོབ་ཐོབས་ལ་བསམ་བློ་གཏོང་རན་དུ་སླེབས་ཡོད། ཏཱ་ལའི་བླ་མ་རྒྱ་གར་ཧི་མ་ཅལ་མངའ་སྡེ་རུ་བཞུགས་འགོ་བརྩམས་པ་ནས། རྒྱ་གར་དུ་གནས་སྡོད་བྱེད་པའི་བོད་པ་ཚོར་སྲུང་སྐྱབས་ཡོད་པ་རེད་མོད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ལ་དཀའ་བསྔལ་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་འདི་ཉིད་ཕྱི་ལོ་༡༩༦༠ནས་པཎ་ཊི་ད་ནེ་རོ་མཆོག་གིས་འགོ་བརྩམས་པ་རེད་མོད། ཁོང་ལ་བོད་པ་ཚོ་གཏན་སྡོད་བྱེད་པའི་བསམ་བློ་ནི་མེད་པ་རེད། གཞིས་ཆགས་རྙིང་པ་ཚོ་དབུལ་ཞིང་ཁ་འཐོར་ཏུ་གནས་ཡོད་པ་དང་། ཁོང་ཚོ་མང་པོས་གཞིས་ཆགས་འཛུགས་པའི་ཁེར་རྐྱང་དང་ཁྲིམས་མཐུན་ངོ་བོ་མེད་པའི་གནས་བགོས་སྲིད་ཇུས་ལ་འདོད་པ་མེད་པ་རེད།
རྒྱ་ནག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་དམག་ཤུགས་ཆེས་ཆེར་གཏོང་བ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་དཀའ་རྙོག་གང་མང་བསྐྲུན་པ་ནས། བཙན་བྱོལ་བོད་མི་ཚོའང་གཉོམ་ཆུང་ནུས་མེད་དུ་གྱུར་པ་དང་། དགའ་བསུ་དང་ཆབ་སྲིད་ཀྱིས་ཁྱབ་བརྡལ་དེ་ཉུང་དུ་གྱུར་པ་རེད། ལྷོ་ཨེ་ཤི་ཡའི་བཙན་བྱོལ་བ་རྣམས་ལ་སྡོད་གནས་ཤིན་ཏུ་ཉུང་བའི་དུས་སྐབས་སུ། མི་འབོར་༡༥༠༠༠༠ཙམ་ལྡན་པའི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱལ་ཁབ་མེད་པར་གནས་ཐབས་མེད་པ་རེད།
མི་ལོ་༥༤་རིང། བོད་པ་ནི་པཱ་ལི་སི་ཐེན་(palestinians)གཉིས་པར་གྱུར་ཡོད་པ་དང་། འཛམ་གླིང་ནང་དཀའ་རྙོག་སེལ་མེད་དུ་གནས་པའི་དུས་ཡུན་རིང་ཤོས་ཀྱི་མི་རིགས་ཤིག་ཡིན། དུས་སྐབས་འདི་འདྲའི་ནང་། བཙན་བྱོལ་བོད་མི་རྣམས་ལ་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་(citizenship)མཁོ་པ་རེད་ལ། དགོས་ཀྱང་དགོས་པ་རེད། བོད་མི་ཚོས་རང་ཉིད་ཀྱི་གོང་དུ་བཞུགས་པའི་དབུ་ཁྲིད་ཚོར་བལྟས་པ་ན། ཁོང་ཚོས་ཕྱི་རྒྱལ་ཡུལ་མིའི་ལག་ཁྱེར་(citizenship)བཟོས་པ་དང་། རང་ཉིད་ལ་སེམས་ཁྲེལ་མེད་པར་བཟོས་ཚར་པ་རེད། བཙན་བྱོལ་བོད་མིའི་དབུ་ཁྲིད་བློ་བཟང་སེང་གེར་མཚོན་ན། ཁོང་ནི་ལོ་མང་རིང་ཨ་རིར་གནས་སྡོད་བྱས་པ་དང་། ཨ་རིའི་གནས་སྡོད་ལག་འཁྱེར་(green card)ཡོད་པ་རེད་ལ། ནང་མི་ཚོའང་བྷོ་སི་ཏྲིན(Boston)ལ་བདེ་ལྷོད་སྤྲོ་ཉམས་ངང་གནས་འཁོད་བྱས་ཚར་པ་རེད་མོད། ཡིན་ནའང་ཁོང་གིས་ཡང་ནས་བསྐྱར་ཏུ་བོད་ཀྱི་འཐབ་རྩོད་ནི་སྐྱབས་བཅོལ་བའི་ངོ་བོའི་ཐོག་གནས་དགོས་ཞེས་གསུངས་བསྡད་ཡོད་པ་རེད།
བློ་བཟང་སེང་གེ་ལགས་ཀྱིས་རིམ་བཞིན་ཉམས་རྒུད་དུ་འགྲོ་བ་དང་། ཁེར་རྐྱང་དུ་གནས་པའི་གཞིས་ཆགས་ཀྱི་སྒྲོམ་གཞི་འདིའི་ནང་། ལས་ཀ་ལས་མི་ཆོག་པ་དང་། ཁང་པ་ཉོ་མི་ཆོག་པ། ཚོང་ལས་དེབ་འགོད་བྱེད་མི་ཆོག་པའི་བཙན་བྱོལ་སྐྱབས་བཅོལ་བའི་གནས་སྟངས་དང་ངོ་བོ་འདིས་ཇི་ལྟར་བོད་དོན་འཐབ་རྩོད་ལ་ཕན་འདོགས་ཀྱི་ཡོད་པ་འགྲེལ་བརྗོད་ནམ་ཡང་བྱས་མེད་པ་རེད། དེ་ཡང་གནས་སྟངས་དེ་ཉིད་ཀྱང་བོད་མི་དང་བོད་པ་སྐྱབས་མཁན་དང་སྲུང་མཁན། བོད་མི་ཚོ་སྔར་ས་ནས་མཐུན་གོམས་ཐེབས་ཚར་པ་དང་། ཏཱ་ལའི་བླ་མ་བཞུགས་བཞིན་ཡོད་པ། ནུབ་ཕྱོགས་དང་མི་འདྲ་པར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མང་ཆེ་བ་འདྲ་མཚུངས་ཡིན་པ་དང་།འཛམ་གླིང་ནང་མང་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་རེད།
ཁྱབ་ཆེན་པོར་མཁྱེན་རྟོགས་མེད་པ་ཞིག་ནི། རྒྱ་གར་གྱི་ཁྲིམས་ལུགས་ནང་། བོད་པ་ཚོ་བཙན་བྱོལ་སྐྱབས་བཅོལ་བ་ལ་ངོས་འཛིན་བྱེད་ཀྱི་མེད་པ་དང་། རྒྱ་གར་གྱིས་བོད་མི་ཚོར་གནང་བའི་RCནི་གནས་སྡོད་དེབ་འགོད་ལག་དེབ་ཞིག་ཡིན་པ་ལས་སྐྱབས་བཅོལ་ལག་ཁྱེར་མིན་པ་རེད། རྒྱ་གར་གྱི་ཕྱི་རྒྱལ་ཡུལ་མིའི་ཁྲིམས་ལུགས་(༡༩༤༦)དང་ཕྱི་རྒྱལ་ཡུལ་མིའི་དེབ་འགོད་འཁྲིམས་ལུགས་(༡༩༣༩)ནང་། བོད་མི་ནི་ཕྱི་རྒྱལ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་ནི་རྒྱ་གར་རུ་བོད་པ་གཙོས་པའི་སྐྱབས་བཅོལ་བ་གཞན་པ་ཚོར་སྤྱི་ཁྱབ་ཀྱི་མཚན་ཉིད་ཅིག་ཏུ་གྱུར་ཡོད་པ་རེད། ཏཱ་ལའི་བླ་མ་རྒན་ཡོལ་ཞུས་རྗེས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུག་ལ་ནམ་ཡང་རྒྱལ་སྤྱིའི་ཐོག་ངོས་ལེན་ངོ་མ་ཞིག་ཐོབ་མེད་པ་དང་། རྒྱ་གར་དང་མཉམ་བསྲེས་སུ་གནས་པ་དེའང་འགྲུབ་འབྲས་མེད་པ་ཞིག་རེད་མོད། ཡིན་ནའང་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དེ་ཉིད་དོན་དངོས་ཀྱིས་བཙན་བྱོལ་སྐྱབས་བཅོལ་སྤྱི་ཚོགས་དེ་ཉིད་སྟངས་འཛིན་བྱེད་མཁན་ཞིག་ཏུ་གྱུར་ཡོད། ཨ་རིའི་དོན་གཅོད་ཞིག་གིས་ང་ལ་འདི་ལྟར་བཤད་སོང་སྟེ། “བཙན་བྱོལ་སྒྲིག་འཛུགས་ནས་བོད་མི་ཨ་རིར་སྐྱོད་མཁན་ཚང་མ་ལ་ཕྱི་བསྐྱོད་ལག་ཁྱེར་གནང་རོགས་ཞེས་རེ་བ་ཞུས་སོང་ལ། ངས་རེ་བ་འདིར་ཐག་གཅོད་བྱེད་རྒྱུ་དཀའ་ནའང་། གནས་དོན་འདིས་རྒྱ་གར་རུ་གནས་པའི་བོད་མི་སྐྱབས་བཅོལ་བ་ཚོར་འཁྲིམས་ལུགས་ཁྱབ་ཁོངས་ཇི་ཙམ་ཡོད་མེད་གསལ་སྟོན་ཐུབ་པ་རེད།”
དོན་དངོས་ཐོག་བོད་པ་ཚོ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་གྱི་ཁྲིམས་ལུགས་སྟངས་འཛིན་འོག་གནས་པའི་ཡུལ་མི་ཞིག་ཡིན་པ་རེད། དྲིལ་བསྒྲགས་ཆེ་བའི་ལོ་གསུམ་ཁྲིམས་དོན་ཁ་མཆུ་སྟེ། རྡེ་ར་ལྡུན་གནས་བཞུགས་རྣམ་རྒྱལ་ལྷ་རྒྱལ་རི་ལ་མཚོན་ན། ཁོང་གིས་རང་ཉིད་རྒྱ་གར་རུ་སྐྱེས་པར་རྒྱུ་མཚན་དུ་བཟུང་ནས། རྒྱ་གར་རྩ་འཁྲིམས་དོན་ཚན་གཞིར་བཞག་རྒྱ་གར་ཡུལ་མིའི་ལག་ཁྱེར་བརྩད་ནས་ཐོབ་པ་དང་། དེས་ཀྱང་བོད་པ་མང་པོར་རྒྱ་གར་ཡུལ་མིའི་ལག་ཁྱེར་རྩོད་པར་སེམས་ཤུགས་སྐྱེས་པ་རེད་མོད་། ཡིན་ནའང་བཙན་བྱོལ་སྒྲིག་འཛུགས་ངོས་ནས་ད་དུང་ཡང་བོད་པ་ཚོ་སྐྱབས་བཅོལ་གྱི་ངོ་བོའི་ཐོག་གནས་ནས་དོན་ཕན་ཆེ་ལུགས་བརྗོད་ཀྱི་ཡོད། དོན་དངོས་ཐོག་དེ་ཉིད་ཀྱི་ཡུལ་མིའི་ལག་ཁྱེར་ཡོད་མཁན་ཚོ་ལས་དོན་ཕན་ཆུང་བ་རེད། ཁོང་ཚོས་དངོས་ཡོད་དགོས་མཁོ་དང་གནས་ལུགས་དོར་ཏེ་སྔོན་སྲོལ་རྒྱུན་འཛིན་བྱེད་ཀྱི་ཡོད་པ་དེས། དོན་དངོས་ཐོག་རྒྱ་གར་དང་རིག་གཞུང་སོགས་གང་གི་ཆ་ནས་མཉམ་འབྲེལ་དུ་གནས་པའི་བོད་རིགས་ན་གཞོན་ཚོར་གནོད་བསྐྱལ་བ་རེད་ལ། ཁྲིམས་ལུགས་སུ་ཕྱི་གླིང་བའི་ངོ་བོར་གནས་པའི་གནད་དོན་དེས་བོད་རིགས་རུལ་སུངས་དང་ནུས་མེད་དུ་གཏོང་རྒྱུ་རེད། བློ་བཟང་སེང་གེ་ལགས་ཀྱིས་ཡུལ་མིའི་ལག་ཁྱེར་གྱི་ཁེ་ཕན་གསལ་རྟོགས་བྱུང་ལོས་ཡོད། ཨ་རིའི་དངུལ་ཁང་གི་དྲ་རྒྱ་ནས་ཁོང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམ་བཅའ་མ་གནང་སྔོན་གྱི་བདུན་ཕྲག་གཅིག་ནང་། ཁོང་ཉིད་ཀྱིས་ཨ་རིར་གནས་སྡོད་ལག་ཁྱེར་ཐོག་ཕྱི་བསྐྱོད་གཏའ་མ་འཇོག་ཆོག་པར་གཏན་འབེབས་བྱུང་ཡོད་པ་རེད། ཁོང་ནི་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བསྐྱོད་ཐུབ་པ་དང་། ཡིན་ནའང་བོད་མི་གཞན་པ་རྣམས་RCཡོད་ནའང་ལག་ཁྱེར་མི་རག་པ་དང་། ཨ་རིའི་གཞུང་ནས་ཕྱི་བསྐྱོད་གཏའ་མ་སོགས་ཁས་ལེན་བྱེད་པ་སོགས་ཤིན་ཏུ་དཀའ་ངལ་ལྡན།
ཡུལ་མི་ཞིག་ཡིན་ན། བོད་པ་ཚོ་རྒྱ་གར་རྩ་འཁྲིམས་གཏན་འབེབས་བཞིན་ནང་པ་དང་ཧི་མ་ལ་ཡའི་མི་ཁུངས་སུ་བཞུགས་ཆོག་པ་དང་། བཙན་བྱོལ་སྐྱབས་བཅོལ་བ་ཞིག་ཏུ་གནས་ན་རྒྱ་ནག་གི་ཤུགས་རྐྱེན་འོག་དཀའ་ངལ་ནང་ལྷུང་རྒྱུ་རེད། ངས་བསམ་པར་བཙན་བྱོལ་བོད་པ་སྐྱབས་བཅོལ་བ་གང་མང་གིས་རྒྱ་གར་གྱི་ཡུལ་མིའི་ལག་ཁྱེར་བླངས་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོབ་ཐང་ལེན་འདོད་ཡོད་ངེས་རེད་སྙམ། དེ་ནི་བོད་པ་ཚོར་ངེས་པར་ཏུ་དགོས་ངེས་ཀྱང་རེད། རྒྱ་གར་ནས་བོད་པ་ཚོར་གཞན་ལས་ལྷག་པའི་ཐུགས་འཁུར་གནང་བཞིན་པ་ཡིན་པས། བོད་པ་ཚོ་ཅིས་ཀྱང་གྷ་དིའི་(Gandhi)ནང་མི་རུ་འཛུལ་བའི་ཆ་རྐྱེན་ཡོད་ངེས་རེད། ཛ་དྲག་གི་དུས་སྐབས་འདིའི་ནང་། བོད་པ་ཚོར་ཡུལ་མིའི་ཐོབ་ཐང་ཡོད་ན་ཕྱི་གླིང་བའི་ངོ་བོ་དོར་ཏེ་རང་ཉིད་ཐོར་བརླག་ཏུ་མི་འགྲོ་པར། སྔར་ལས་ལྷག་པར་ལས་དོན་བསྒྲུབ་ཐུབ་ངེས་རེད། ཡུལ་མེད་ཁེར་རྐྱང་གི་ངོ་བོ་ནས་མི་རིགས་དེ་ཉིད་སྣང་མེད་དང་འཐོར་ཤིག་འགྲོ་ངེས་ལོས་ཡིན། དེས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་གཏོང་མཁན་གྱི་མ་ལག་ཚོས་བོད་པའི་བཙན་བྱོལ་སྐྱབས་བཅོལ་བའི་ནུས་པ་ཉམས་རྒུད་དུ་གཏོང་ངེས་ལོས་ཡིན། གལ་སྲིད་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་འཐོར་ཞིག་ཏུ་སོང་ན། སུས་བོད་དོན་ཐད་གླེང་སློང་བྱེད་རྒྱུ་རེད་དམ། དགུན་དུས་ཤིག་གི་ཕྱི་དྲོ། ང་དང་བོད་རིགས་སྙན་ངག་པ་དང་། འཐབ་རྩོད་པ་ལྷ་བཟང་ཚེ་རིང་གཉིས་མེ་ཏོག་ལྡུམ་རྭ་ཞིག་ཏུ་ཇ་དང་ས་མོན་ས(samonsas)རོལ་པའི་སྐབས། ཁོང་གིས་ཀང་ར་རི་སུལ་(Kangra vellege)ལ་མིག་ཅེར་ཏེ་“ང་ཚོ་རྒྱ་གར་ལ་ཡོང་པ་ནི་འཛམ་གླིང་ཐོག་བཙན་བྱོལ་སྒྲིག་འཛུགས་ཡག་ཤོས་དེ་རྩོད་པར་ཡོང་མེད་ལ། ང་ཚོ་འདིར་ཡོང་དོན་ནི་བོད་དུ་གནས་པའི་འུ་ཅག་གི་གཅེན་པོ་དང་གཅེན་མོ་ཚོའི་ཆེད་འཐབ་རྩོད་བྱེད་པར་ཡོང་བ་རེད། དེ་ནི་ང་ཚོས་ནམ་ཡང་བརྗེད་མི་རུང”ཞེས་གསུངས་སོང་། འདི་ནི་གནད་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།