རང་སྲེག་ལས་འགུལ་ལ་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཁྲིམས་ཆད།

ཟླ་འདིའི་ཚེས་༡ ཉིན་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་མདོ་སྨད་ཀླུ་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ ཉིན་ལྷ་མོ་དོན་གྲུབ་དང་། སྐལ་བཟང་བསོད་ནམས། སྐལ་བཟང་སྐྱབས་བཅས་ལ་སྔ་ལོ་ཟླ་ ༡༡ ཚེས་ ༢༩ ཉིན་རང་ལུས་མེར་སྲེག་གཏོང་མཁན་ཚེ་རིང་རྣམ་རྒྱལ་དང་མེར་སྲེག་སྐབས་འབྲེལ་བ་ཡོད་པར་བསྙད་དེ།

ཤེས་བཞིན་མི་སྲོག་བཅད་པའི་ཉེས་མིང་འོག དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ལྷ་མོ་རྡོ་རྗེ་ལ་དུས་བཀག་བཙོན་འཇུག་ལོ་ ༡༥ དང་ཆབ་སྲིད་ཁེ་དབང་ལོ་ ༣ འཕྲོག་རྒྱུ། སྐལ་བཟང་བསོད་ནམས་ལ་དུས་བཀག་བཙོན་འཇུག་ལོ་ ༡༡ དང་ཆབ་སྲིད་ཁེ་དབང་ལོ་ ༢ འཕྲོག་རྒྱུ། ཚེ་བཟང་སྐྱབས་ལ་དུས་བཀག་བཙོན་འཇུག་ལོ་ ༡༠ དང་ཆབ་སྲིད་ཁེ་དབང་ལོ་གཅིག་འཕྲོག་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག །