གྲོས་ཚོགས་ཚོགས་དུས་ལྔ་པའི་པར་རིས་ཕྱོགས་བསྒྲིགས།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་ཟླ་འདིའི་ཚེས་༡༨ ནས་འགོ་འཛུགས་ཀྱིས་འཚོག་བཞིན་ཡོད་པ་དང་། སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་པ་ལྟར། ཉིན་ལྔའི་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཚོགས་དྲུང་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཟིན་ཡོད་པ་རེད།
ཚེས་༢༣ ཉིན་ནང་ཁུལ་དུ་བཞུགས་མོལ་འཚོག་འདུ་འཚོག་གི་ཡོད་པ་རེད། གཟའ་ཟླ་བ་ནས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་། སྐབས་འདིའི་བཀའ་ཤག་གི་ལས་འཆར་གསར་པ་ཁག་གཏན་འབེབས་བྱེད་རྒྱུ་ཡིན་པ་རེད། ཚེས་༢༨ ཉིན་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་བསྡོམས་གནང་རྒྱུ་ཡིན་འདུག །












