ང་ཚོའི་ཡབ་ཆེན་དང་ཡུབ་ཆེན་ཁྱེད་ཁོ་ན།
ཡོམ་ཡོམ་སྒུལ་བའི་ས་སྒང་དེ་འུ་ཅག་གི་ཕ་གཞིས་རེད།
དྲོད་སྣང་གི་འོད་དཀར་ལམ་ལམ་སྦྱིན་པའི་ཁྱིམ་རྒྱུད་དེ་ནམ་ཡང་འདོར་མི་སྲིད།
དྭངས་གཙང་གི་ངོ་ཁ་ནས་བཞུར་བའི་བརྩེ་གླུ་སྙན་པོ་ཁྱེད་ཕྱོགས་སུ་བར་མེད་ཤོར།
དུངས་ཞེན་བརྩེགས་མའི་ཁུགས་སོ་ན་འཁྱིལ་བའི་ཁྱིམ་རྒྱུད་དེ།
ཚེ་སྲོག་གི་ཡང་སྙིང་གསོན་པོ།
ང་དང་ངའི་ལྷད་མེད་ཀྱིས་མཛད་བརྩེ་བཞད་ས་ཁྱིམ་རྒྱུད་འདི་ཁོ་ན་ཡིན།
ཕོ་འགྱུར་གྱི་ཁྲོད་དུ་བཞུད་ག་ལ་རུང་།
ང་ཚོའི་ཡབ་ཆེན་དང་ཡུམ་ཆེན་ཁྱེད་ཁོ་ན།
གསེར་མདོག་གི་མི་ཡུལ་དང་སྲོག་ལྡན་ཚོའི་རེ་བཅོལ་དྲོན་མོ་ཁྱེད་ལ་གཏད་ཡོད།
མཁོ་དགུའི་རེ་འདོད་ཞུ་སའི་ཕ་ས་སྐྱིད་པོ་ནམ་ཡང་བརྗེད་མི་སྲིད།
མི་ཡུལ་ནས་ཁྱེད་འཚོ་དགོས་རེ་བའི་འདོད་སྣང་ང་ཚོ་ལ་སྦྱིན་དགོས།
ཕ་ཁྱིམ་གྱི་ཕུགས་ནོར་དང་འོད་སྣང་གི་སྒྲོན་མེ་སེར་པོ།
ཁྱེད་ཀྱི་བརྩེ་བ་གསོན་པོ་རྨི་ལམ་གྱི་མཚོ་ངོགས་ན་འཕག་བཞིན།
ལོ་རྒྱུད་ཀྱི་ཁྲོད་ན་གསལ་བཞིན།རྣམ་ཤེས་ཁྲི་སྟོང་གི་རེ་སྙིང་གསོན་པོ།
ཁྱེད་ཁྱེད་ཁྱེད་་་་་་་་་་་་་་་་་་
གསེར་འབྲོང་སྲས་སམ་དཔལ་ཤུལ་བསོད་ནམས་ཕུན་ཚོགས་ཀྱིས་བྲིས་སོ།
༢༠༡༣ ༣ ༢༣