ང་དང་ངའི་སྡུས་ཡུས།
སེམས་ཀྱི་ལོ་མ་སེར་པོ་ཆར་ཆུ་དང་འགྲོགས་བཞིན་རྒྱང་རིང་ལ་ཆས།
སྔོ་སྡུམ་དང་ཆུ་ཕྲན་གྱི་སྐྱོ་སྣང་གི་རེ་རེ་རླུང་བུའི་མཁའ་དབྱིངས་སུ་འཐིམ།
དྲོད་སྣང་གི་རིམ་ཁ་གྲང་རླུང་གིས་འཁྱམ་རིམ་ལ་ཧོབ་ཀྱིས་བསྒྱུར།
སུན་སྣང་དང་མིག་ཆུ་གོང་ཁ་ནས་བཞུར་བཞིན།
འུར་ཟིང་གི་འཇིག་རྟེན་འདི་མཐོང་ན་མི་འདོད།
ང་དང་ངའི་གཏན་གྲོགས་ཚོ་ནམ་རྒྱུན་ཁ་བ་བུ་ཡུག་གི་གངས་ཁྲོད་ན།
སྡུག་ཡུས་མང་། གནའ་བོ་སྤྱི་ཚོགས་ནས་བརྒྱུད་པའི་ཁྲག་རྒྱུན་རྙིང་རོ།
ད་དུང་ཆད་མྱོང་མེད། སུ་ཞིག་གིས་བཞག་པའི་མནར་གཅོད།
འུ་ཅག་གི་ལོ་རྒྱུས་་ན་གསལ། གསེར་འབྲོང་སྲས་ཀྱིས། ༢༠༡༣ ༣ ༡༦