བོར་བརླགས་སུ་ཕྱིན་པའི་གསེར་གྱི་ཐམ་ཀ
སྡེ་བ་ཆུང་ཆུང་དེ་ནས་
བོར་བརླགས་སུ་ཕྱིན་པའི་གསེར་གྱི་ཐམ་ཀ
གནའ་བོའི་གཏམ་རྒྱུད་ལས་ཡིད་འཕྲོག་ཟིན་པའི་རྒན་པོ་དང
དེ་དག་ལས་གཞན་ཐོས་མ་མྱོང་བའི་བྱིས་པ་དེ་ཚོའི་མདུན་ན་
ཡང་སྙིང་ཁྱོད་ཅི་ཞིག་ཡིན
གནའ་གཏམ་ཁོ་ན་ལས
གཞན་འཚོལ་མི་འདོད་པའི་སྡེ་བ་ཆུང་ཆུང་དེ་ན
ཁྱེད་ཀྱི་རིན་ཐང་རྟོགས་མཁན་ཡོད་དམ
དོན་དངོས་ཀྱིས་སྡེ་བ་ཆུང་ཆུང་དེ་ལ
ཁྱོད་ཅི་འདྲའི་མཁོ་བ་ལ་ཨང
༢༠༡༣ ༣ ༣