ང་རྒྱང་རང་རྒྱང་དུ་ཆས་དགོས།
ང་ལྕགས་རྟ་ལ་བཞོན་ནས་རྒྱང་དུ་ཆས་དགོས།
མ་འོངས་ལོ་ཟླའི་མུན་ནག་ཕྲེད་དུ་བཅད་ནས།
མུ་མཐའ་མི་མངོན་པའི་ཕ་མཐའ་དེ།
འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་བཅད་དགོས་ཡ།
ལམ་ཐག་ཇི་ཙམ་རིང་ཡང་།
དཀའ་སྡུག་ཇི་ཙམ་འཕྲད་ཀྱང་།
དཀའ་སྡུག་ལྕི་མོ་རྒྱབ་ཏུ་ཁྱེར་ནས།
འབད་པ་སྟོང་དང་མཉམ་དུ་འགྲོགས་ནས།
ང་རྒྱང་རིང་ནས་རྒྱང་རིང་དུ་ཆས་དགོས།
གནས་དེ་ན།
ངའི་མ་འོངས་བའི་འོད་སྟོང་ལྡན་ལ།
ངའི་མི་ཚེ་འདིའི་ཕུགས་བསམ་བཅངས་ཡོད།
རེ་འདུན་ཟབ་མོ་སྙིང་ཁར་སྒོམ་བཞིན།
འོད་སྟོང་འབར་བའི་མ་འོངས་དེ་ཡི་སླད།
ཕུགས་བསམ་གྱི་ཕྱུག་པའི་འབྱུང་འགྱུར་དེ་ཡི་ཆེད།
ངས་ལྷག་བསམ་དཀར་པོའི་ལྕགས་ཀྱི་རྟ་ཕོར་བཞོན་བཞིན།
གུས་རྟག་སྦྱོར་བའི་བརྩོན་པར་འགྲོགས་ནས།
ང་རྒྱང་རིང་དུ་ཆས་ན་འདོད།