༄༅།། མི་སེམས་འོད་སྣང་གི་ཕྱོགས་སུ་སྨོན།
མཆོད་ཆང་གི་གཏམ་རྒྱུད་འདྲེན་བཞིན་མི་ཡུལ་ལ་རྒྱང་ལྟ་གྲངས་མེད།
རྟོག་བཏགས་ཀྱི་བློས་བསླངས་རེ་རེ་འཆར་ཡན་ན་བཞེང་བཞིན།
རི་ཀླུང་གི་མཚོ་འཐའ་ཡང་ཡང་སྐོར།།
སོས་དཀའ་རྨ་ཁ་གཟེར་མོ་སྐྱོར་བཞིན་རི་གྲོང་ལ་གཏམ་རྒྱུད་བྲིས།
འོད་དཀར་ཀྱི་འཇིག་རྟེན་ཞིག་ལ་སྨོན་པ་གྲངས་མེད།
སེམས་གཏིང་གི་སྣང་བརྙན་ལམ་ལམ་ཉིན་ཐོའི་ངོགས་སུ་གཟིམས།
ལོ་རྒྱུས་ཀྱི་རྒྱུད་རིམ་སྙིང་ཁམས་སུ་འབར་བཞིན་ན་ཟུག་གི་ཤུགས་རིང་རླུང་ལ་འདྲེས།
སྒྱུ་མའི་འཇིག་རྟེན་གཉོམ་པོ་སེམས་ངོགས་སུ་ཡང་ཡང་ཟག།
འགན་ཁྲིའི་འདི་ཤེས་ས་རྡུལ་དང་གཙང་བོ་ལ་འདྲེས།
སྙིང་གི་འཕག་འཚག་རུས་རྐང་དང་ཁྲག་གསང་ནས་སྣང་མེད་བཞུར།
མི་འདོ་ཚོའི་ཚོར་འདུ་དཔག་མེད་ཞིག་གིས་མྱོང་བྱང་ཁུར་དགོས་བྱུང་།
བདེ་ལྡན་གྱི་ཞིང་ཁམས་ཤིག་ལ་ཡིད་སྨོན་གྲངས་མེད།
རྙོག་གྲ་ཡི་ཕ་མཐའ་ཐོལ་གྱིས་འཇིག་པར་སྨོན།
མི་སེམས་འོད་སྣང་གིས་ཁྱབ་པར་སྨོན།
ཉི་འོད་ཀྱི་གྲོང་ཚོ་དང་སྤྲོད་སྐྱིད་ཀྱིས་རེ་སྣང་མྱུར་ཏུ་འཆར་ན་བསམ།
རེ་བ་འདི་ཚོ་འུ་ཅག་གི་རེ་སྒུག་དངོས་གནས་ཡིན་པས་མྱུར་ཏུ་མཇལ་སྙིང་ཆེ།
གསེར་རྟ་བསོད་ནམས་ནམས་ཕུན་ཚོགས་སམ་
གསེར་འབྲོང་སྲས་ཀྱིས་སུག་བྲིས་བགྱིས་སོ། ༢༠༡༣ ༣ ༢༥