༄༅།། ཀྲོང་ངེར་འགྱིང་བའི་ཡུམ་བུ་བླ་སྒང་།
དྲན་འཛིན་གྱི་ངོགས་སུ་བསྐོས་པའི་ཡུམ་བུ་བླ་སྒང་།
དངུལ་ཆུ་དང་ཟུངས་ཁྲག་གིས་བསྐྲུན་པའི་ལོ་རྒྱུས་ཡོད་ས།
གཙང་བོ་དང་ལྷ་ཁའི་ཁྱེད་ཀྱི་མཛེས་སྡུག་གིས་འོད་སྣང་རུམ། ཡུམ་བུ་བླ་སྒང་།
མདོ་ཁམས་དང་ཨ་མདོ་ནས་ཕེབས་པའི་སྐུ་མགྲོན་ཚོའི།
ཁྱེད་ལ་མཇལ་དར་སྒྲོན་བཞིན་ལོ་རྒྱུས་གླེང་།
ཡིད་ཆས་ཀྱི་ཀློང་ན་ཁྱེད་ཀྱི་སྣང་བརྙན་སྒོམ་ཡོད་ཟེར །
ཡུམ་བུ་བླ་སྒང་།
མ་ཚད་རྒྱང་རིང་ནས་ཕེབས་པའི་སྐུ་མགྲོན་ཚོས།
ཡུམ་བུ་བླ་མཁར་གྱི་སྙིང་སྟོབས་དང་ལོ་རྒྱུས་ལབ་བཞིན།
སྐྱིད་ཆུའི་འཛུམ་དཀར་གྱིས་ཁྱེད་ལ་སྙིང་གཏམ་གླེང་། ཡུམ་བུ་བླ་སྒང་།
ར་ས་འཕྲུལ་སྣང་དང་ལྷོ་གཞུང་གིས་རེ་བ་ཡོད་ཚད་ཁྱེད་ལ་བཅངས་ཡོད་ཟེར།
ཆུ་བཞི་སྒང་དྲུག་གི་དད་གདུང་གིས་རེ་སྨོན་ལ་བྲིས་ཡོད་ཟེར།
བོད་ཁམས་ཀྱི་ཚེ་འབར་དང་ལོ་རྒྱུས་ཀྱི་འབྱུང་ཁོང་ཁྱེད་ཡིན་ཟེར།
ཡུམ་བུ་བླ་སྒང་།
པུར་རྒྱལ་གྱི་བླ་མཁར་དང་སེམས་ཁམས་ཀྱི་དྲན་པ་དམར་པོ་ཁྱེད་ཡིན་ཟེར།
ཡུམ་བུ་བླ་སྒང་།
བཞུགས་སྟངས་དང་གཟིགས་སྟངས་རེ་རེ་མཐོང་སྐབས་ང་ཚོའི་སྤོབས་སྟོབས་སླར་ཡང་རྒྱས་ཟེར།
ཡུམ་བུ་བླ་སྒང་། དབུས་གཙང་རི་བཞིའི་གུས་འདུད་ཀྱིས་ཁྱེད་ཀྱི་ལོ་རྒྱུས་སྒྲོག་བཞིན།
ཡུམ་བུ་བླ་སྒང་།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས་སུག་བྲིས་བགྱིས་སོ། ༢༠༡༣ ༣ ༢༩
![]() |