བོད་མལ་གྲོ་གོང་དཀར་དུ་རི་ཉིལ་ནས་མི་༨༣ ས་འོག་ཏུ་ཤོར་བ།

2013_4_1_1

ཕྱི་ཟླ་༣ ཚེས་༢༩ ཉིན་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་མལ་གྲོ་གོང་དཀར་རྫོང། བཀྲ་ཤིས་སྒང་ཡུལ་ཚོའི་གཟི་སྦུག་སྡེ་བའི་ཉེ་འདབས་ཀྱི་གཏེར་ཁ་སྔོག་ཡུལ་ནས་རི་ཉིལ་ཏེ་མི་༨༣ ཙམ་རིའི་འོག་ཏུ་མནན་ནས་ཤི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་ནག་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གསེར་གཏེར་སྡེ་ཚོགས་དཔའ་ཐེ་ལོང་བཟོ་ཚོགས་རྒྱ་མ་གཏེར་ཁུལ་ནས་གོང་ཚེས་ཉིན། མལ་གྲོལ་གོང་དཀར་རྫོང་བཀྲ་ཤིས་སྒང་ཡུལ་ཚོའི་གཟི་སྦུག་གྲོང་གི་ཉེ་འགྲམ་ནས་རི་ཉིལ་ཏེ་གཏེར་འདོན་པ་མི་གྲངས་༨༣ རྐྱེན་ལམ་དུ་ཕྱིན་ཡོད་པ་དང། ཉིལ་བའི་རི་དེའི་རིང་ཚད་སྤྱི་ལེ་གསུམ་ཡོད་པ་དང། རི་དེ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༤༦༠༠ ཙམ་གྱི་ས་ཆ་ཞིག་ཡིན་པ་རེད། གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་གྲས་སུ་བོད་པ་ཡོད་མེད་སོགས་གཞན་ཞིབ་ཕྲའི་གནས་ཚུལ་ད་དུང་ཕྱིར་བསྒྲགས་བྱས་མེད་པ་རེད།།

2013_4_1_1