༄༅།། གསེར་ལྗོངས་བླ་མ་རུང་ན་བཞུགས་པའི་སྤུན་ཆུང་ཞིག་ལ་ཆེད་བྲིས
༄༅།། གསེར་ལྗོངས་བླ་མ་རུང་ན་བཞུགས་པའི་སྤུན་ཆུང་ཞིག་ལ་ཆེད་བྲིས
རྒྱང་རིང་གི་འོད་སྣང་ལ་རེ་བ་དང་དྭངས་གཙང་གིས་ཡོན་ཆབ་གཏོར །
དེ་རིང་ཁ་བའི་རེག་བྱ་མྱོང་བཞིན་མིག་ཟུང་རྒྱང་རིང་ལ་གཏད།
ལྔ་རིག་གི་འོད་ཁྱིམ་ཞིང་ན་གསེར་མདོག་གི་ཕུགས་བསམ་སྙེག།
སྐར་ཚོགས་ཀྱི་འཇིག་རྟེན་ཁྲོད་ན་སུ་ཞིག་གིས་རེ་བཅོལ་གླེང་བཞིན།
སྤུན་ཆུང་ལགས།
ཡབ་རྗེ་བླ་མའི་གདན་ས་འདིར་ཞི་བདེ་དང་ཕུགས་བསམ་གྱི་འབྱུང་ཁོང་ཡིན།
ནམ་ཡང་འདོར་མི་རུང་། དེ་རིང་རྒྱང་རིང་གི་གསེར་འབྲོང་ངས་ཁྱེད་ཀྱི་སྣང་བརྙན་མཐོང་སྐབས་་་་་
འདས་སོང་གི་རྨི་ལམ་རེ་རེ་དྲན་ངོགས་སུ་ཐོལ་གྱིས་ལྔང་།
སྤུན་ཆུང་ལ་བཅངས་བའི་དུངས་བ་གསོན་པོ་རེ་སྙུག་རྩེ་་ནས་ཡང་ཡང་ཟག །
དེ་རིང་འཕྲིན་ཕྲན་ནང་ནས་བསྐུར་བའི་པར་རིས་དེས་ངའི་བྲང་གཞུང་ལ་བརྗོད་མེད་ཀྱིས
རྨི་ལམ་གྲངས་མེད་སྐྲུན།
ཁྱེད་ཀྱི་གསེར་ལྗོངས་ཀྱི་ཆོས་གྲྭ་འདི་ནས་བཅུ་ཕྲག་གིས་ལུས་ཟུངས་རྒྱས་པར་སྨོན།
སྤུན་ཆུང་ལགས། དྲོད་ལྡན་གྱི་ཆོས་གྲྭ་འདིར་འཛམ་གླིང་གི་སྙིང་ནོར་ཆགས་ཡོད་དེས་ཕྱིར་འབད་བརྩོན་གྱིས་་་་་
མཛེས་ལྗོངས་ལ་ཕུགས་བསམ་དང་ཡིད་ཆེས་གནང་རོགས།
མཁས་མང་དུ་མའི་སློབ་གླིང་དང་གྲུབ་མཆོག་མང་པོའི་ཕ་ས་རེད།
བཅུ་ཕྲག་རིག་པའི་འབྱུང་ཁོང་དང་ཡབ་རྗེ་བླ་མའི་བཞུགས་གནས །
ཕུགས་བསམ་རིང་མོའི་མདུན་ལྗོངས་དང་མི་ཚེ་་སྐྱིད་པོའི་རིན་ཐང་འདི་ནས་རྙེད།
གསེར་ལྗོངས་རིག་པའི་སློབ་གླིང་དེ་གོ་ལའི་རྩེ་ན་སྙན་པ་ཆེ་བྱང་རྒྱུད་ནང་པའི་མ་ཡུམ་ཞིང་།
ལྷ་སའི་རྨི་ལམ་དྲོན་མོ་དེ་གསེར་ལྗོངས་ཀྱི་ཞིང་ལ་འཁོར་གྱིན་ཡོད །
གསེར་ཐང་གི་སློབ་གླིང་ནམ་ཡང་བརྗེད་མི་སྲིད། སྤུན་ཆུང་ལགས།
མཛེས་སྡུག་གི་མེ་ཏོག་འབུས་ས་སྙན་འཇེབས་ཀྱི་ཆོས་སྐད་ལྡིར་ས་བླ་མ་རུང་།
རྒྱང་རིང་ནས་མིག་ཞགས་དང་དུངས་བ་བརྩེགས་ས་གསེར་མོ་ལྗོངས་དང་།
ཕུ་ནུ་མིང་སྲིང་སོགས་དྲན་ངོགས་ན་སྒོམ་བཞིན་ངག་ཐོག་ན་གླེང་བཞིན །
སྤུན་ཆུང་ལགས།
ཁ་བ་དང་མཉམ་དུ་སྒྲོན་པའི་སྣང་བརྙན་ནི་ཇི་འདྲའི་མཛེས་ཤིང་ལྟ་ན་སྡུག།
རང་ཡུལ་དང་གཉེན་ཉེ་སོགས་དྲན་སྐུལ་བྱས་སོང་།
དེ་རིང་བསྐུར་བའི་སྣང་བརྙན་ལ་ཁེར་རྐྱང་གིས་ཡང་ཡང་ལྟ་བཞིན་་་་་་་
ཁྱེད་ཚོ་ཡང་ཡང་དྲན་བཞིན་སྐྱོ་སྣང་དང་དགའ་དུང་གིས་སྙན་ངག་འབྲི་ཤོར།
སྤུན་ཆུང་ལགས། གནའ་སྔ་མོའི་་ལུག་ཁྱུ་དང་རྩྭ་ཐང་གི་ཕྱོགས་སུ་འཚོ་གནས་བྱས་པ་ཡིད་ཡུལ་ལ་་་་
གང་མང་དྲན་སྐུལ་་བྱས་སོང་།
ནོར་ནག་དང་རི་གྲོང་གི་གཏམ་རྒྱུད་གང་མང་སེམས་སུ་ཡང་ཡང་ལྷུང་།
སྤུན་ཆུང་ལགས།
ཕ་མ་སོགས་ཀྱི་བརྩེ་བའི་དྲོད་ཁོལ་གསོན་པོ་ནམ་ཡང་བརྗེད་མི་རུང་།
སྤུན་ཆུང་ལགས། ཕུགས་བསམ་དང་རང་ཚུགས་་་་་་་ནམ་ཡང་་་་་་་
སྦྱང་བརྩོན་དང་སྤོབས་སྟོབས་་་་་་་་་་་་་་་ནམ་ཡང་་་་་་་་་་་་་་་་་
དྲང་བདེན་དང་ཀུན་སྤྱོད་་་་་་་་་་་་་་ནམ་ཡང་་་་་་་་་་་་་་་་་་་་་་་་་་་་་་་་
་་དད་གདུང་དང་ཡིད་ཆེས་་་་་་་་་་་་་་་ནམ་ཡང་་་་་་་་་་་་་་་་་་་་་་་
ཕ་ས་དང་ཞོ་རྩམ་ལ་དུང་བ་ཟབ་པའི་དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་
གཞན་གསེར་སྨྱོན་གདོང་ར་དཀར་པོས་ཁ་ཐུག་ལ་ཧི་མ་ཅར་ནས་སུག་བྲིས་བགྱིས་སོ། ༢༠༡༣ ༤ ༣ ཉིན།
