མི་རྣམས་ཀྱིས་དད་འདུན་གྱི་ཀློང་ན།

མི་རྣམས་ཀྱིས་དད་འདུན་གྱི་ཀློང་ན།
ནམ་ཡང་འཚོལ་གྱིན་པའི་ཁྱོད
མཛེས་སྡུྡུག་གི་བཟི་ཁ་བཙན་པའིདམན་ཆུང་མ་བཞིན་ཏུ

མི་བུ་གང་མང་ཞིག་གིས
ཁྱོད་འཚོལ་གྱིན་རི་བོའི་ཕ་རོལ་ལ་ཆས་སོང
ཁོང་ཚོས་བཤད་ན་
ཁྱོད་ལ་དུང་བ་ནི
མི་ཚེའི་གྲུབ་ཆ་ཞིག་དང
ཡང་ན་མི་བུ་ཞིག་གི་དན་རྟགས་ཡིན་ཟེར
དེ་འདྲའི་རླབས་ཆེ་ཞིང་ཡིད་འགུག་པའིསྐད་ངག་དེས
ངའི་འཇིག་རྟེན་འདི་ཤུགས་ཀྱིས་འགུལ་དུས
ངས་ཀྱང་དྭངས་གཙང་གི་སེམས་པའི་ཀློང་ནས
ཁྱོད་ལ་རྒྱང་འབོད་ཅིག་བྱེད་ན་འདོད

ཡིན་ནའང

མེ་ཏོག་ལྟ་བུའི

ལྕགས་ཀྱུ་ལྟ་བུའི

ཁྱོད་ཀྱིས་བསླུ་བྲིད་རེ་རེས

དོན་ངོ་མར

སུ་ཞིག་ལ་མནར་གཅོད་གཏོང་གིན

གང་ཞིག་གི་ཚེ་སྲོག་ལ

རྫོགས་ཚིག་འགོད་ཀྱིན་ཡོད