བརྩེ་དུང་གི་མནའ་ཚིག་ངོ་མ།
དེ་སྔོན་ཁོས་སོ་སོའི་བརྩེ་དུང་མཚོན་བཞིན་མོ་ལ་གཉེན་བསྒྲིག་གི་རེ་འདུན་བཏོན་སྐབས།
ཁོས་མོ་རང་ལ།
༼ ང་ལ་ཡིད་ཆེས་བྱོས་དང། ༽ ཞེས་བཤད།
བཟའ་ཟླས་ཁོ་གཉིས་ཀྱི་ཕྲུ་གུ་ཐོག་མ་དེ་སྐྱེས་རྗེས་ཁོས་མོ་རང་ལ།
༼ ཁྱོད་རང་དཀའ་ལས་ཁག་སོང། ༽ཞེས་བཤད།
བུ་མོ་ཡང་མནའ་མར་འགྲོ་རན་དུས་ཁོས་མོ་རང་ལ།
༼ བུ་མོ་སོང་ཡང་ ང་འདིར་བསྡད་ཡོད། ༽ ཅེས་བཤད།
མོ་རང་ཤི་ཁར་ཁོས་མོའི་དཔྲལ་བར་འོ་སྦྱར་བཞིན་སྐད་མགོ་དམའ་མོས
༼ ཁྱོད་རང་གིས་ང་སྒུག་རོགས། ༽ཅེས་བཤད།
མི་ཚེའི་ནང་ཁོས་མོ་རང་ལ། ༼ ང་ཁྱོད་ལ་དགའ། ༽ ཞེས་པའི་ཚིག་དེ་འདྲ་བཤད་མྱོང་མེད།
འོན་ཀྱང་། མི་ཚེ་འདིའི་ནང་ཁོ་རང་མོ་དང་རྩ་བ་ནས་ཁ་བྲལ་མྱོང་མེད་པ་རེད།