༄། རང་དབང་མེད་པ། །

ཡུལ་ཤུལ་ནི་ས་འོག་ལ་སྦས་སོང་།
ས་བདག་ནི་རྒྱ་དམག་གིས་ཁྲིད་སོང་།
ཤུལ་ལུས་ནི་ས་གཞན་དུ་དེད་སོང་།
ས་ཆ་ནི་རྒྱ་ལག་ལ་ཤོར་སོང་། །

རྣམ་ཤེས་ནི་ནམ་མཁའ་ལ་ཐིམ་སོང་།
ནམ་མཁའ་ནི་སྤྲིན་པ་ཡིས་བསྒྲིབས་སོང་།
མཆིན་པ་ནི་རྡོ་རྒོད་ལ་བརྡབས་སོང་།
རྡོ་རྒོད་ནི་མཆིན་ཁྲག་གྱིས་བརླན་སོང་། །

བོད་ཡུལ་ནི་ཞིང་ཁམས་ལ་བསྒོམས་ཀྱང་།
ཞིང་ཁམས་ནི་རྫུན་མ་ལས་མི་འདུག
དམྱལ་ཁམས་ལ་འཇིགས་སྐྲག་རེ་སྐྱེས་ཡང་།
འཇིགས་སྐྲག་ནི་འདི་ཙམ་ལས་ཅི་ཡོད། །
༤/༡༤/༢༠༡༣