༄། བཞི་གཅིག་བཞིའི་ཁྲོད་ཀྱི་ཡུལ་ཤུལ་བ། །
བཞི་གཅིག་བཞི་ཡི་སོས་ཀའི་ཞོགས་པ་དེར།
བཞི་ཟླའི་དཔྱིད་དཔལ་བུ་མོའི་འཛུམ་ཞལ་ནི།
བཞི་གཤེད་སྐད་ཅིག་འབྱུང་བཞིའི་དམག་འཁྲུག་འོག
བཞི་མདོའི་ཡུལ་གྲོང་ཤུལ་མེད་རྡུལ་ལྟར་གཏོར། །
སྐྱོ་བ་རླུང་ལ་བསྐུར་བའི་སེམས་འཕྲིན་ཞིག
སྐྱེ་བ་རིགས་སུ་གཏོགས་པའི་ཤ་ཞེན་གྱིས།
སྐྱིད་སྡུག་སེམས་ཀྱི་མྱོང་བའི་དྲན་རྟེན་དུ།
སྐྱ་རེངས་དཀར་པོའི་སྤྲིན་དང་ལྷན་ཅིག་ཆས། །
ལས་འབྲས་ལོག་པར་ལྟ་བའི་ཁ་སྤུ་བཞར།
ལས་སྣང་བདེན་པར་འཛིན་པའི་ངོ་གདོང་བཀྲུས།
ལས་སྨོན་འཁོར་ལོའི་མེ་ལོང་མདུན་བཤམས་ཡང་།
ལས་ཀྱི་ཞགས་པས་གློ་བུར་ཁྲིད་འདི་ཅི། །
༥/༡༥/༢༠༡༣