ཤར་ཁུག་འདི་ཡེ་རྡོ་ཡིན་ནམ།
རྒྱ་
༡ དེ་ཡང་༧རྒྱལ་བ་རིན་པོ་ཆེའི་(“ཡུན་རིང་སྙིང་ལ་བརྣག་པའི་འདོད་པའི་དོན་དེ་རིང་དངོས་སུ་འགྲུབ་སོང་“)ཅེས་གསུངས་པ་དེར་མཛམ་གླིང་རྒྱལ་ཁབ་མང་པོའི་དཔོན་རིགས་དང་གྲོས་ཚོགས་ནང་རྒྱབ་སྐྱོར་ཚད་མེད་ཐོབ་ཡོད་ལ་གཞིས་བཞུགས་བོད་མིའི་དངོས་འདོད་བཞིན་སྲིད་སྐྱོང་མཆོག་མཛམ་གླིང་ནང་སྲུབ་ཏུ་མེད་པའི་གྲགས་ཅན་མི་སྣ་ཞིག་ཏུ་གྱུར་ཡོད། འོན་ཀྱང་རྒྱ་གཞུང་གིས་༧རྒྱལ་བའི་ཐུགས་དགོངས་དེར་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་རིམ་པ་གནང་བ་ལྟར་ཐོག་མར་དངུལ་འབོར་བཏང་ཏེ་བལ་ཡུལ་ནང་བཀའ་ཁྲིའི་འོས་བསྡུ་བཀག་པ་སོགས་ཐབས་ལམ་འདྲ་མིན་སྣ་ཚོགས་བྱས་ཡོད་ལ། ད་ལྟ་ཡང་ལས་འགུལ་འདི་མཚམས་བཞག་མི་སྲིད་པ་ཞིག་རེད་། དེས་ན་ཤ་དང་རུས་པ་གཅིག་པའི་གངས་ཅན་པ་རྣམས་ཀྱིས་ཐུགས་ཞིབ་གནང་རྒྱུ་ཧ་ཅང་གལ་ཆེན་མཐོང་བས་དོགས་གནས་འདི་དང་འབྲེལ་བའི་ཀ་རྟགས་ཀྱི་དྲི་བ་གསུམ་ཕུལ་འདོད་བྱུང་།
དང་པོ། བཞུགས་སྒར་ཉེ་འཁྲིས་སུ་སྡོད་མཁན་ཤར་ཁུག་གིས་རང་གལ་བཀའ་ཤག་ལ་དཔའ་ངར་ཆེ་པོའི་གཞི་མེད་སྐྱོན་བརྗོད་བྱེད་པ་འདིའི་ངར་ཤུགས་དེ་གང་ཏུ་ཡོང་བ་རེད་ཡང་ན་སུའི་གཏེར་བ་རེད་སོགས་དོགས་གནས་མང་པོ་ཞིག་ཡོད་པ་བཞིན་ཁ་གསལ་ཞུས་ན་འདིའི་དམིགས་ཡུལ་དང་རྒྱབ་ལྗོངས་ཡེ་རྡོ་དང་མ་འདྲ་བ་ཅི་འདུག་དྲི་བ་དང་པོ་དེ་ཡིན་།
༢ དེ་བཞིན་ཤར་ཁུག་གི་དགྲ་དར་འཕྱར་བ་འདི་དུས་དང་གནས་བབ་གང་ལ་བལྟས་ནའང་མཆོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་འཚམས་མིན་པའི་ཐད་གསལ་བཤད་མི་དགོས་པ་ཞིག་རེད་དེ་བྱུང་རིམ་ཐོག་ནས་དམིགས་བསལ་༢༠༠༨ལོར་གཞིས་བཞུགས་བོད་མིའི་རྒྱ་དར་མར་ཕབ། བོད་དར་གནམ་ལ་འཕྱར་ནས་དགྲ་བོར་ངོ་རྒོལ་གནང་བའི་ཞི་རྒོལ་ཆེ་པོའི་དུས་དེ་ནས་དགྲ་བོས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བའི་ནང་གཙོ་བོ་ཞིག་དགྲ་དར་གནམ་ལ་འཕྱར་རྒྱུ་དེ་རེད་འདུག་ན་ཤར་ཁུག་གི་བྱེད་སྟངས་འདི་ཡང་ཡེ་རྡོ་དང་མ་འདྲ་བ་ཅིག་འདུག་དྲིས་བ་གཉིས་པ་ཡིན།
༣ གསུམ་ཐོག་ནས་ཞུས་ན་ཤར་ཁུག་གིས་རང་ལུས་མེ་མཆོད་འདི་འཚེ་བ་ཡིན་ཚུལ་དང་སྲིད་སྐྱོང་མཆོག་དང་བཀའ་ཤག་གི་དེ་མ་བཀག་ཚུལ་བཤད་ནས་དེ་ནི་ནོར་བ་ཆེ་པོ་ཡིན་ཚུལ་ཞིག་བོད་ཀྱི་དུས་བབ་དྲ་བའི་ཐོག་སྤེལ་འདུག་པས་གལ་སྲིད་ཤར་ཁུག་འདི་ཡེ་རྡོ་མིང་ཅན་མིན་ན་དགྲ་བོར་དགོས་པའི་ཚིག་ཉོག་དེ་དག་ག་རེ་བྱས་ནས་ཡེ་རྡོའི་བེད་སྤྱོད་མ་བཏང་བ་རེད་ཅེས་དྲིས་བ་གསུམ་པ་ཡིན་།
ཟུར་བརྗོད་། མ་གཞི་ཤར་ཁུག་གི་ལོ་རྒྱུས་ནང་མ་བྱས་པ་མེད་པ་གསལ་པོ་ཡིན་རུང་ང་ཚོའི་ཤེས་གསལ་ལ་ཁོ་པ་གྲ་བ་བྱས་ནས་གྲ་བ་ལོག་པ་དང་ལྟ་བ་སྦྱང་ནས་ལྟ་ལོག་པ། གཞུང་ཞབས་འཛུལ་ནས་གཞུང་ཞབས་ནས་ཕུད་པ་སོགས་མང་པོ་ཞིག་ཡོངས་གྲགས་ལྟར་བརྗོད་དགོས་མ་ཆེས་རུང་གོང་གསལ་དོགས་གནས་དྲི་བ་གསུམ་པོ་ནི་ཟུར་གནས་ཀློག་པ་པོ་རྣམས་ཀྱི་ཕྱག་ཏུ་ཕུལ་འདོད་བྱུང་། དེ་ཡང་དཔེ་ན་སྤྱི་ཟུར་ཆབ་བྲག་ལྷ་མོའི་རྩོམ་ཡིག་ཞིག་རྒྱ་གཞུང་གི་བེད་སྤྱོད་གནང་བའི་རྗེས་བོད་མི་མང་པོའི་སེམས་ཚབས་དང་ཁོང་ལ་དོགས་འཆར་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་བཞིན་ཁོང་གིས་དྲ་ལམ་ཐོག་ནས་དཀར་གསལ་གླེང་ཉོག་མང་པོ་ཞིག་བསྐྱར་ཟློས་གནང་དགོས་ཐུབ་ཡོད་ན་ག་རེ་བྱས་ཡེ་རྡོའི་མིག་ནང་ཤར་ཁུག་གི་རང་ལུས་མེ་མཆོད་འདི་འཚེ་བ་ཡིན་ཚུལ་དང་བཀའ་ཤག་གི་མ་བཀག་ཚུལ་ལབ་པ་འདི་གཉིས་ལུས་པ་རེད་། འདི་ཡང་དོགས་གནས་ཤིག་མ་རེད་གམ་། དེས་ན་གོང་གསལ་དོགས་གནས་དྲིས་གཏམ་འདི་དག་གངས་ཅན་པ་རྣམས་ཀྱི་ཐུབ་ཞིབ་གནང་ན་ཆབ་སྲིད་དང་ཉམ་ཞིབ་རིག་པའི་ལམ་ནས་ཁ་གསལ་མ་ཆགས་པ་མེད་སྙམ།