དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ།

2013_4_17_1

དེ་རིང་ཞོགས་པར་ཕྱི་དྲིལ་ལས་ཁུངས་དང་དྷ་སའི་ས་གནས་འགོ་འཛིན་ལས་ཁུངས་ཐུན་མོང་གིས། དྷ་སའི་ཉེ་འཁོར་གྱི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་ཞེས་པའི་གཏམ་བཤད་ཅིག་གོ་སྒྲིག་བྱས་སོང་།

   དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་དྷ་སའི་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཐུན་མོང་གི་གོ་སྒྲིག་འོག མེག་གྷན་དྷ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ་དྷ་སའི་ཉེ་འཁོར་གྱི་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང་། སློབ་ཕྲུག་བཅས་མི་གྲངས་༣༥ ལ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་ཞེས་པའི་གཏམ་བཤད་ཅིག་གོ་སྒྲིག་བྱས་སོང་།

2013_4_17_1སྐབས་དེར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ཀྱིས་དབུ་མའི་ལམ་གྱི་ངོ་བོ་དང་གྲུབ་འབྲས་ངོ་སྤྲོད་དང་འབྲེལ། གོ་ལ་གཅིག་གྱུར་གྱི་དུས་རབས་འདིར་བོད་མི་ཚོས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱས་པ་འདི། རྒྱ་བོད་གཉིས་ལ་ཕན་ཐོགས་ཡོད་པའི་སྲིད་ཇུས་ཤིག་ཆགས་ཀྱི་ཡོད་སྐོར་དང་། དེ་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བྱུང་བའི་བདེན་པ་དེས་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཡོད་སྐོར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དགེ་མཚན་ཤེས་པའི་ཐོག་ནས། སྲིད་ཇུས་དེར་རྒྱབ་སྐྱོར་དང་རྒྱུན་འཁྱོངས་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་དྲུང་ཆེ་མཆོག་གིས་གསུང་བཤད་ཚར་རྗེས་ཐེངས་འདིིི་ཚོགས་ཞུགས་པ་ཚོའི་དྲི་བར་ལན་འདེབས་དང་། དབུ་མའི་ལམ་སྐོར་གྱི་གློག་བརྙན་ཡང་གཟིགས་འབུལ་ཞུས་སོང་།