སེམས་པ་ཤི་སོང་།

དུང་བ་དེའི་ཆེད་དུ་ 

ན་ཟུག་དེའི་ཆེད་དུ་སེམས་པའི་གཏིང་རིམ་ནས་ 

ཚོར་བའི་ཟབ་ས་ནས་ 

ཡོད་ཚད་འདི་ལྟར་རྒས་ཤིང་འཁོགས་ཚེ་ 

ང་ལ་ན་ཟུག་མེད་པ་ཅིས་ཏེ་སྲིད་

 

 རྨི་ལམ་གྱི་མཐའ་སྣེ་དེའི་ཆེད་དུ་

 

ངས་གཙང་བོ་བརྒལ་འདོད་ཀྱང་

ལམ་ཟུར་གྱི་གྲུ་པ་ཚོར་

རྒྱུ་འབྲས་མེད་པས་   བསམ་ཤེས་མེད་པས་

ང་སྔར་བཞིན་སྨྲེང་སེམས་ངང་

སྐྲ་ལོ་དཀར་སོང་    སེམས་པ་ཤི་སོང་

ཡོད་ཚད་ནས་ཡོད་ཚད་་་་་་་་་་་་འདི་ལྟར་་་་་།

 

༢༠༡༣ ཟླ་ ༠༣ པའི་ཚེས་ ༢༦ ཉིན།