རྒྱ་ནག་དང་ཉི་ཧོང་བར་གྱི་མཚོ་གླིང་གི་རྩོད་རྙོག
རྒྱ་ནག་དང་ཉི་ཧོང་བར་གྱི་མཚོ་གླིང་གི་རྩོད་རྙོག་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཉི་ཧོང་དུ་འཚམས་གཟིགས་ལ་ཕེབས་ཏེ། ཉི་ཧོག་རྒྱལ་སྲུང་བློན་ཆེན་དང་ཐུག་འཕྲད་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་ཕྱོགས་ནས་མིག་སྔར་མཚོ་གླིང་དེ་ཉི་ཧོང་གི་མངའ་ཁོངས་སུ་ཡོད་པར་ཁས་ལེན་བྱས་ཡོད་ཅེས་གསུངས་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༤ ཚེས་༢༩ ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཧཱ་གྷིལ་ཉི་ཧོང་དུ་འཚམས་འདྲིའི་གཟིགས་སྐོར་ལ་ཕེབས་ཡོད་པ་དང་། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ཞོའོ་ཡེ་སི་དང་ལྷན་མཇལ་འཕྲད་ཀྱི་རྗེས་སུ། མཉམ་འབྲེལ་ཐོག་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་ཕྱོགས་ནས་སཱེན་ཀ་ཀུ་(Senkaku Island) རྒྱ་སྐད་དུ་(Diaoyu Daoའབོད་པའི་)རྒྱ་ནག་གིས་མཚོ་གླིང་གི་བདག་དབང་སུ་ལ་ཡོད་མིན་ཐོག་ལྟ་ཚུལ་འཛིན་གྱི་མེད་ཀྱང་། མིག་སྔར་སཱེན་ཀ་ཀུ་མཚོ་གླིང་ཉི་ཧོང་གི་མངའ་ཁོངས་སུ་ཡོད་པར་ཁས་ལེན་བྱེད་རྒྱུ་ཡིན་པ་མ་ཟད། ཨ་རི་དང་ཉི་ཧོང་བར་གྱི་བདེ་སྲུང་ཆིངས་ཡིག་བེད་སྤྱོད་འོས་འཚམས་ཀྱི་ཁོངས་སུ་ཡོད་སྐོར་གསུངས་ཡོད་པ་རེད།
ཕྱི་ཟླ་༤ ཕྱི་ཚེས་༢༣ ཉིན། ཉི་ཧོང་གི་བློན་ཆེན་ཨ་བྷིས་ཡིས་གལ་སྲིད་རྒྱ་ནག་སཱེན་ཀ་ཀུ་མཚོ་གླིང་དུ་འཛུལ་བ་ཡིན་ན་དྲག་མཚོན་སྤྱོད་དེ་ཕྱིར་ཕུད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་ཅིང་། ཉིན་དེར་ཧི་ཧོང་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཁྲན་ཡོང་ཧྥ་དང་མཇལ་འཕྲད་གནང་ཏེ། རྒྱ་ནག་གི་མཚོ་གྲུ་(Senkaku)མཚོ་གླིང་མཐའ་མཚམས་ཀྱི་མཚོ་ལེ་༡༢ (སྤྱི་ལེ་༡ ལ་མཚོ་ལེ་༠.༥༣༩༩༥༦༨)ནང་གི་མཚོ་ཁུལ་དུ་འཛུལ་བར་ངོ་རྒོལ་བྱས་ཡོད་པ་དང་། དེའི་ཐད་རྒྱ་ནག་གིས་དེ་ནི་རྒྱ་ནག་ལ་ཡོད་པའི་མཚོ་གླིང་གི་བདག་དབང་དང་འབྲེལ་བའི་བྱ་སྤྱོད་ཅིག་ཡིན་པའི་ལན་འདེབས་བྱས་ཡོད་པ་རེད།
སྐུ་ཞབས་ཧཱ་གྷལ་གྱིས་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཐོག་གསུངས་དོན། སིན་ཁ་ཁུ་མཚོ་གླིང་གི་རྩོད་རྙོག་ནི་ས་ཁུལ་གྱི་བདེ་འཇགས་ལ་ཟིང་འཁྲུག་སློང་བ་ཞིག་ཡིན་པ་དང་། ཨ་རིའི་ཝ་ཤིན་ཊོན་ཕྱོགས་ནས་ཉི་ཧོང་གི་མངའ་ཁོངས་ལ་གཏོར་བཤིག་གཏོང་བའི་ཕྱོགས་གཅིག་གི་བྱ་སྤྱོད་ཅི་འདྲ་ཞིག་ཡིན་ཡང་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་དང་། ཕྱོགས་སོ་སོའི་ཞི་བདེ་དང་མཉམ་འབྲེལ་གྱི་ཐོག་ནས་འགལ་ཟླ་ཐག་གཅོད་རེ་འདུན་བཏོན་ཡོད་པ་མ་ཟད། ཟིང་ཆ་སློང་བའི་བྱ་སྤྱོད་ཅི་འདྲ་ཞིག་ཡིན་ན་ཡང་བརྟན་བརླིང་གི་གནས་བབས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ཚུལ་གསུངས་ཡོད་པ་རེད།
ཡིན་ནའང་། རྒྱ་ནག་གིས་སཱེན་ཀ་ཀུ་མཚོ་གླིང་དུ་གྲུ་གཟིངས་ཀྱི་སྐོར་བསྐྱོད་དང་ལྟ་སྲུང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཉི་ཧོང་རྒྱལ་སྲུང་བློན་ཆེན་གྱིས་གསུངས་པ་ལྟ་ན། ཨ་རི་དང་ཉི་ཧོང་ཕྱོགས་གཉིས་པོའི་ངོས་འཛིན་གནང་བ་ལྟར། དྲག་ཤུགས་ལ་བརྟེན་ནས་སིན་ཁ་ཁུ་མཚོ་གླིང་གི་ད་ལྟའི་གནས་བབས་འགྱུར་བ་གཏོང་རྒྱུར་འདོད་མོས་མེད་པ་རེད།།
