མི་ཚོས་བཤད་བཞིན་པའི་བརྩེ་དུང་དེ་ངས་མཐོང་མ་མྱོང།

སྨྲ་ལྕེ་བདེ་བའི་མི་ཚོས

བརྩེ་དུང་ནི་ཅི་ཞིག་ལས་ཀྱང་ལྷག་པའི་རིན་བྲལ་གྱི་ནོར་བུ་རིན་པོ་ཆེ་ཞིག་རེད་ཟེར

ད་དུང་བརྩེ་དུང་ནི་འཚོ་བའི་སྙིང་པོ་ཞིག་ཀྱང་རེད་ཟེར

མིི་དེ་ལ་བརྩེ་དུང་གི་གསོན་ཤུགས་ཡོད་ན་ཁོ་ལ་བདེ་སྐྱིད་ངོ་མ་ཞིག་ཡོད་ཀྱང་ཟེར

གཏན་ཚིགས་འདི་འདྲ་ཞིག་བཀོད་ཡོང་དུས

ན་ཚོད་ལོན་པའི་མི་བུ་སུ་འདྲ་ཞིག་ཡིན་རུང་བརྩེ་དུང་གི་དོན་དུ་འཚོ་ལ

བརྩེ་དུང་གི་དོན་དུ་འཆི་མཁན་ཡང་གང་མང་ཞིག་ཡོད་ཟེར

ཨ་ལ་ལ་

ངོ་མ་བརྩེ་དུང་འདི་འདི་འདྲ་ཞིག་ཨེ་རེད

སུ་ཞིག་གིས་བཤད་ཀྱང་ངས་དེ་ལྟར་ཤོར་འགྲོ

ཀྱག་ཀྱོག་མང་བའི་ལམ་ཁ་གང་མང་ཞིག་བརྒྱུད་ནས་ངས་བརྩེ་དུང་ལ་རོ་མྱོང་བྱས

ངས་ཡོད་ཚད་ནས་ཡོད་ཚད་སུ་ཞིག་གི་དོན་དུ་སྤྲད་པ་ཡང་ཡོད

འདས་ཟིན་པའི་རང་ཉིད་ཀྱི་གཏམ་བརྒྱུད་ལ་ཕྱིར་མིག་ཞིག་བལྟས་དུས

ཨ་ཁ་ཁ་

ང་ལ་ཐོབ་པ་ནི་ཕམ་ཁ་དང་འཁུན་སྒྲ་ཁོོ་ན་རེད

དུས་དེ་ནས་

ངས་བརྩེ་དུང་ལ་ཡིད་སྟོན་བྱེད་པའི་བྱ་བ་དེ་མཚམས་བཞག་པ་ཡིན

དུས་དེ་ནས་ངས་བརྩེ་དུང་ནི་

མི་གསོན་པོ་མེ་ལ་སྲེག་མཁན་གྱི་ཤན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད

དུས་དེ་ནས་ངས་བརྩེ་དུང་ནི་

མི་བུའི་རིན་ཐག་གཏོར་བརླགསག་གཏོང་མཁན་གྱི་ཁྲལ་མེད་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད

ཡང་དྭགས་མིན་མི་ཤེས་པའི་བསམ་བློའི་ཁྱེར་ཕྱོགས་དེ་འདྲ་ཞིག་གིས་

ངས་བརྩེ་དུང་དང་རྒྱག་ཐག་ཇི་རིང་ནས་ཇི་རིང་དུ་བཏང་བ་ཡིན

གང་ལྟར་ཡང་

ངས་མི་ཚོས་བཤད་ཀྱིན་པའི་བརྩེ་དུང་དེ་འདྲ་ཞིག་གཏན་ནས་མཐོང་མ་མྱོང།། །།