བུད་མེད་ཀྱི་གཤིས་ཀ་མི་འདྲ་བ་ཁག་བཅུ།
བུད་མེད་འདིའི་རིགས་ལ་རང་བཞིན་དང་དངས་གཙང་གི་གཤིས་ཀ་ལྡན་ཡོད་ཅིང་། མོའི་གཤིས་སྤྱོད་དེ་དག་གིས་གཞན་གྲོགས་ཕོ་མོ་མང་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད། མོ་རང་འཚོ་བ་ལ་དགའ་ཞེན་དང་། སྣང་དོག་མེད་ཅིང་རང་སྣང་གང་ཤར་གྱི་རང་གཤིས་ཏོག་ཙམ་ལྡན་ཞིང་། གཞན་ལ་དོ་ནན་དེ་ཙམ་མེད་མཁན་ཞིག་རེད། མོ་རང་དཀའ་ཚེགས་དང་བཅོས་མའི་བྱ་སྤྱོད་ལ་མི་དགའ་ཞིང་། སྙིང་རྗེ་མེད་པའི་དོན་དངོས་ལ་ངེས་པར་དུ་ཁ་ཕྱོགས་དགོས་པ་དེ་མོ་རང་ལ་མཚོན་ན་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་རེད།
༢། སྐྱེས་པའི་མིག་ནང་གི་མཛེས་ཆོས་གཅིག
བུད་མེད་འདིའི་གྲལ་ནི་འཚོ་བའི་ལོངས་སྤྱོད་དང་སྤྲོ་སྣང་ཆེ་བའི་འཚོ་བར་དགའ་ཞེན་ཡོད་པ་དང་། མོ་རང་ནི་མིའི་དབར་གྱི་འབྲེལ་བའི་ཐད་བྱང་ཆ་དོད་པ་ཞིག་ཡིན། མོ་རང་གིས་གཏིང་ཟབ་ཀྱི་བསམ་བློ་བསྐོར་དགོས་བསམ་པ་མེད་ལ། ཉིན་རེའི་འཚོ་བའི་ཕྲོད་ཀྱི་བྱ་བ་ལས་གཞན་དག་ ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད། མོ་རང་ནི་སོ་སོར་ཡིད་ཚིམས་ནས་བསྡད་མཁན་གྱི་བུད་མེད་ཅིག་རེད།
༣། འབྱོར་ལྡན་འབྲིང་ཙམ་གྱི་ཤེས་ཡོན་མ།
བུད་མེད་འདི་འདྲ་ནི་ཕྱི་ཚུལ་ལ་རྒྱས་སྤྲས་མེད་ཅིང་། བྱ་བ་གང་ཡིན་ཡང་བསམ་བློ་དེ་ཙམ་བསྐོར་གྱི་མེད་པ་དེ་ནི་སུ་ལའང་འགྲན་སེམས་མེད་པའི་གནས་སྟངས་རེད། འོན་ཀྱང་མོའི་སྒེར་གྱི་རང་གཤིས་ཕྱིར་ངོམས་འདོད་ཡོད་པར་བདེན་ཡང། གཞན་གྱི་མདུན་དང་ཕྱི་ཚུལ་ནས་དེ་ཙམ་འུར་སྒྲོག་བྱེད་འདོད་ཡོད་མཁན་ཞིག་མིན། སྐྱེས་པ་ཚོ་བུད་མེད་འདི་འདྲའི་སེམས་ནང་དུ་འཛུལ་ཐུབ་ན་གཞི་ནས་མོ་རང་ཤེས་རྟོག་ཐུབ་ཅིང་། དེ་འདྲ་འཇོན་མཁན་གྱི་སྐྱེས་པ་དེ་མོའི་ངོས་ལེན་ཡོང་ཐུབ། མོའི་གཤིས་སྤྱོད་ཀྱི་ཐོག་ནས་རང་གི་ཤེས་རབ་དང་། མོའི་སེམས་ནང་གི་ཕུན་སུམ་ཚོགས་པ་དེ་ཕྱིར་མངོན་པ་ཡིན་ལ། དེའང་མོ་རང་རྒྱུན་དུ་གཞན་དང་བར་ཐག་ངེས་ཅན་བཟུང་ནས་བསྡད་དགོས་པའི་རྒྱུ་མཚན་རེད།
༤། ཕུག་བསམ་གྱི་ཨ་མ་བཟང་མོ།
བུད་མེད་འདིའི་གྲལ་ནི་ཉམས་ཆུང་ཞིང་གཞན་ལ་བསམ་གཞིགས་མཁས་པ་དང་། ལྷིང་འཇགས་དང་རང་ཚུགས་ལྡན་པ། དེ་བཞིན་འཚོ་བར་ཞིབ་ཚགས་ཆེ་ཞིང་བྱིས་པ་ལ་དགའ་ཞེན་ཆེ་བ། ཁྱིམ་གཞི་ནི་མོའི་མི་ཚེའི་དགའ་ཕྱོགས་ཡིན་ལ། ཤེས་སྤྱོད་དང་དཔལ་འབྱོར་མདང་ངེས་ཡོད་པའི་རྐྱེན་གྱིས་མོ་རང་དོན་ཆུང་ཙག་ཙིག་ལ་མགོ་མི་འཁོར་བ་ཐ་ཤལ་གྱི་སྤྱོད་ངན་དང་རིང་དུ་ཁ་གྱེས་ཤིང་། བུད་མེད་འདིའི་རིགས་ནི་ནམ་ཡང་སྐྱེས་པ་དང་མོ་རྒོད་དེ་དག་ལ་ཡིད་སྨོན་ཤོར་མི་སྲིད་པར། བློ་གཅིག་སེམས་གཅིག་གིས་ལྷོད་དལ་ངང་ནས་སོ་སོའི་བྱ་བ་སྒྲུབ་ནས་བསྡད་མཁན་ཡིན།
༥། རང་སྣང་གང་ཤར་གྱི་བུད་མེད།
བུད་མེད་འདི་འདྲ་ཞིག་མཐོང་བ་ཙམ་གྱིས་ཁྱོད་ཀྱིས་འཁྲུག་ཆ་ཆེ་བའི་རོལ་དབྱངས་ཀྱི་སྒྲ་དབྱངས་ཐེངས་གཅིག་མྱོང་བཞིན་པའི་ཚོར་བ་ཞིག་ཡིད་ལ་ཝ་ལེར་འཁོར་སྲིད། མོ་འདིའི་གྲལ་ནི་རྒྱུན་དུ་ལས་སྟབས་བདེའི་ངང་དུ་འཇུག་པ་ལས་། རྙོགས་འཛིང་ལ་སྤུ་ཙམ་མི་དགའ། མོ་ནི་སྣང་བ་མཐོ་ཞིང། གཞན་ལ་ལྟ་བའི་མིག་ཞག་ཀྱང་ཤིན་ཏུ་ཚད་མཐོ་བའི་རྐྱེན་གྱིས་འཚོ་བའི་ཕྲོད་ཀྱི་བྱ་བ་ཙག་ཙིག་དེ་དག་ལ་སྣང་མེད་སྐྱུར་གྱི་རེད། འོན་ཀྱང་མོའི་སེམས་གཏིང་གི་ཚོར་བ་དེ་དང་ཕྱིའི་རྣམ་པའི་ཐོག་ནས་ང་ཚོས་མོ་ནི་དོན་དངོས་ཐོག་ཞིབ་ཚགས་པོ་ཡོད་པའི་གནས་སྟངས་རྟོག་ཐུབ་པ་ལས། མོས་དེ་འདྲ་བྱས་པ་ཙམ་གྱིས་གཞན་ལ་མགོ་བསྐོར་གཏོང་མི་ཐུབ་པ་ལྟ་བུ་རེད།
༦། སྐུ་དྲག་མ།
བུད་མེད་འདིའི་གྲལ་ནི་མོ་རང་ལ་རྒྱུ་ནོར་ལོངས་སྤྱོད་མདང་ངེས་ཡོད་པའི་རྨང་གཞིའི་རྐྱེན་གྱིས་བསམ་པའི་དཔལ་ཡོན་ཐད་ལའང་བློས་གཏོང་བྱེད་མཁན་ཞིག་མ་རེད། དེ་ལས་ལྡོག་སྟེ་མོ་རང་ལ་རྒྱུ་ནོར་གྱི་མ་རྩ་མདང་ངེས་ཡོད་སྟབས་ཤུགས་རྐྱེན་མདང་ངེས་དེ་ལ་བརྟེན་ནས་སོ་སོའི་བསམ་བློའི་འཇིག་རྟེན་ཁམས་གཅིག་སྐྲུན་བཞིན་ཡོད། མོ་རང་གིས་གནས་སྟངས་ཡོངས་མཐོང་ཐུབ་པའི་ནུས་པར་བརྟེན་ནས་གང་ཐུབ་ཀྱིས་བྱ་བ་དག་འགེགས་མེད་ལྷུན་འགྲུབ་ཡོང་ཐབས་བྱེད་ཀྱི་ཡོད།
༧། བློ་གྲོས་ཅན་གྱི་བུད་མེད།
བུད་མེད་འདི་འདྲ་ལ་དཔའ་ངར་དང་བློ་སྟོབས་ལྡན་པ་མ་ཟད། གཡོ་ཟོལ་མེད་པའི་ཐོག་ནས་གོ་སྐབས་བཟང་པོ་དམ་འཛིན་བྱེད་ཤེས་པ་དང་། སྤྱང་གྲུང་འཛོམས་ཤིང་ཤེས་རབ་དང་ལྡན་པ། མོ་རང་ཚོར་བ་ཁོ་ནར་བརྟེན་ནས་བྱ་བ་བྱེད་མཁན་ཞིག་མིན་ལ། ཚོར་བ་རྣོ་པོར་བརྟེན་ནས་ནོར་འཁྲུལ་ཡང་བཟོ་མི་སྲིད་པ་ཞིག་རེད། མོ་རང་ལ་རང་གཤིས་ལྡན་ཞིང་བྱས་རྗེས་ཡོད་པ། བུད་མེད་འདི་འདྲ་ནི་སྐྱེས་པ་ལ་འགྲན་བཟོད་ཡོད་ཅིང་། མཚམས་རེར་སྐྱེས་པ་ལས་ལྷག་པ་ཡོད། དུས་མཚུངས་སུ་མོའི་འོས་འཚམ་གྱི་སྒོ་ནས་བུད་མེད་ཅིག་ཡིན་པའི་ནུས་ཤུགས་དེའང་ཕྱིར་མངོན་གྱི་ཡོད།
༨། འདོད་ཆུང་ཆོག་ཤེས་ཀྱི་བུད་མེད།
མོ་རང་འཚོ་བར་དེ་ཙམ་གྱི་ཆ་རྐྱེན་ཆེན་པོ་དགོས་པའི་བསམ་བློ་གཏོང་མཁན་ཞིག་མ་རེད། མོ་རང་ནི་བག་ལྷོད་པོ་དང་སྤྲོ་བ་ལྡན་པ་བཅས་ཀྱིས་འཚོ་བཞིན་པ་ལས། གནོན་ཤུགས་དང་གྱ་གྱུར་འདོད་མཁན་ཞིག་མིན། མོ་རང་གིས་མིག་སྔར་གྱི་གནས་སྟངས་ལ་འདོད་ཆུང་ཆོག་ཤེས་དང་དགའ་སྤྲོའི་སེམས་ཁམས་ཀྱིས་མོའི་ལང་ཚོ་གཞན་ལས་དུས་ཡུན་རིང་དུ་གནས་ཐུབ་པ་བྱེད་ཀྱི་ཡོད། མོ་རང་ལས་སྟབས་བདེར་རོལ་ཞིང་ཚོར་བ་རྣོ་པོ་ཡོད་སྟབས། མིའི་དབར་གྱི་འབྲེལ་བའི་ནུས་ཤུགས་དེ་གཞན་ལས་ལྷག་པ་ཡོད།
༩། གཞན་དང་མི་འདྲ་བའི་བུད་མེད།
བུད་མེད་འདིའི་རིགས་ལ་སྲོལ་རྒྱུན་དང་འཆར་ཡན་གྱི་རང་གཤིས་ལྡན་པ་མ་ཟད། མོ་འདིིིའི་གྲལ་ལ་གཞན་སེམས་བསླུ་ཐུབ་པའི་ནུས་པ་ཆ་ཚང་ཡོད་ཀྱང་གདུག་རྩུབ་ཅན་དེ་འདྲ་ཡང་མ་རེད། སྤྱི་བཏང་མི་ཚོའི་འཚོ་བའི་རྒྱུད་རིམ་ནི་མོ་རང་དང་འབྲེལ་བ་མེད་པ་འདྲ། མོ་རང་འཇིག་རྟེན་གཞན་ཞིག་ནས་འཁོར་བ་འདིར་འགྲོ་བ་མིའི་རིགས་ཀྱི་བུད་མེད་ཅིག་ཁོ་ན་བྱེད་པའི་ཆེད་དུ་སླེབས་པ་དང་མཚུངས་སོ།
༡༠། མང་པོའི་མིག་དབང་འཁྲོག་པའི་བུད་མེད།
བུད་མེད་འདི་འདྲ་ནི་རྒྱུ་ནོར་དང་བསོད་བདེ་འཕེལ་བའི་བུད་མེད་ཅིག་ཡིན། དེར་བརྟེན་མོ་རང་གཞན་མང་པོའི་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག་ཐུབ་མཁན་ཞིག་ཀྱང་རེད། མི་ཚོགས་འདུ་འཛོམས་དང་ཐུགས་སྤྲོའི་སྐབས་སུ་བུད་མེད་འདིའི་གྲལ་ནི་རྒྱུན་དུ་མི་སྣ་གཙོ་བོའི་གྲལ་དུ་ལངས་ཡོད་པ་དང་། མོ་ནི་མི་ཚང་མས་མོ་རང་གནམ་ལ་སྟེགས་ཅིང་མི་ཚོགས་དབུས་སུ་འོད་ཆེམ་ཆེམ་ལྟ་བུའི་རྣམ་པ་དང་ཚོར་བ་དེ་འདྲར་དགའ་པོ་ཡོད། བུད་མེད་འདིའི་རིགས་ཀྱིས་འཛམ་གླིང་དབང་སྒྱུར་བྱེད་སྟངས་དེའང་ཐོག་མར་སྐྱེས་པ་ཚོ་དབང་འོག་བསྡུ་སྟངས་དེ་ཡིན།
༼མཆན། གོང་གསལ་ནི་བུད་མེད་ཀྱི་བཟང་ཕྱོགས་ཀྱི་གཤིས་ཀ་དག་འདིར་བསྒྱུར་བསྒྲིགས་བྱས་པ་ཡིན། ༽