གཞིས་བྱེས་གཉིས་ཀྱི་ཕུགས་བསམ།།
༡
གཞིས་ཀྱི་བོད་རིགས་སྤུན་ཟླ།།
རྒྱ་ཡིས་མནར་གཅོད་མ་བཟོད།།
བྲོས་རྒྱུའི་བསམ་པ་ལྡན་ཡང་།།
མཐའ་བཞི་དམག་གིས་བསྐོར་དུས།།
ཐར་པའི་ལམ་ཞིག་མེད་པས།།
རང་ལུས་མེ་ལ་སྒྲོན་ནས།།
ཕྱི་མའི་ཡུལ་དུ་ཆས་སོང་།།
༢
བྱེས་བཞུགས་སྤུན་ཟླ་རྣམ་པ།།
ཕ་ཡུལ་དྲན་རང་གྲགས་ནས།།
རྒྱ་ཡིས་འོག་ཏུ་སྡོད་རྒྱུར།།
ཁས་ལེན་གཙང་མ་ཞུས་ཀྱང་།།
གཡོ་ཅན་བསྟན་དགྲ་དམར་པོས།།
བརྡ་ལན་མེད་པར་བཞག་དུས།།
ཨོ་ལོ་སེམས་པ་སྐྱོ་བྱུང་།།