ཨ་རིའི་ལྷོ་ཀེ་ལེ་ཧྥོ་ནི་ཡའི་རིར་མེ་སྐྱོན་ཤོར་བ།
![]()
ཟླ་འདིའི་ཕྱི་ཚེས་༣ ཉིན་ཨ་རིའི་ལྷོ་ཀེ་ལེ་ཧྥོ་ནི་ཡ་མངའ་སྡེའི་མ་ལི་པུ་ཞེས་པའི་ས་ཆའི་ཉེ་འཁོར་དུ། རི་ལ་མེ་ཤོར་བར་བརྟེན་ལྷོ་ཀེ་ལེ་ཧྥོ་ནི་ཡའི་ཝེན་ཐུ་ར་རྫོང་གི་རིའི་མེ་སྐྱོན་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་ཡོད་འདུག་པ་དང་། ཆུ་ཚོད་༢༤ ནང་མེ་ཤོར་བའི་ས་ངོས་མུའུ་གྲུ་བཞི་མ་༡༠ ནས་༡༠༠༠༠བརྒལ་ཡོད་པ་མ་ཟད། དུད་ཚང་༤༠༠༠ ལྷག་གི་འཚོ་བ་ཉེན་ཁའི་འོག་ཚུད་དེ་ད་དུང་མེ་ གསོད་ཐུབ་མེད་པ་རེད་འདུག

