པེ་ཅིང་དུ་བུད་མེད་ཅིག་ཁང་ཐོག་ནས་ཟགས་པའི་དོན་རྐྱེན།

8f08f69f-b6a9-4f79-894e-ac1e8486c40a_mw1024_n_sཕྱི་ཟླ་༥ པའི་ཚེས་༣ ཉིན་གྱི་ཞོགས་པར། ཕ་ཡུལ་རྒྱ་ནག་ཨེ་ཧྥན་ནས་ཡིན་ཞིང་པེ་ཅིང་དུ་ཉིན་གླ་བྱེད་མཁན་བུ་མོ་ཞིག་ཁང་པའི་ཐོག་བརྩེགས་ནས་ཟགས་ཏེ་འདས་གྲོངས་སུ་གྱུར་ཡོད་པ་དང་། དྲ་ཐོག་ཏུ་གནས་ཚུལ་ཁྱབ་པ་ལྟར་ན། བདེ་འཇགས་མི་སྣ་ལྔས་བཙན་གཡེམ་བཏང་རྗེས་ཁང་བརྩེགས་དྲུག་གི་ཐོག་ནས་མར་གཡུགས་པ་རེད་ཟེར།

ཕྱི་ཚེས་༧ ཉིན་པེ་ཅིང་དུ་ཡོད་པའི་མོའི་ཕ་ཡུལ་གཅིག་པའི་ཨེ་ཧྥན་ཕྱོགས་ཀྱི་མི་སྟོང་ཕྲག་མང་པོ་དོན་རྐྱེན་བྱུང་སའི་ས་གནས་སུ་འཛོམས་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། གནས་ཚུལ་དངོས་མཐོང་མཁན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། པེ་ཅིང་གི་མུ་ཞི་ཡཱེ་ཞེས་པའི་སྲང་ལམ་དེ་ངོ་རྒོལ་རུ་ཁག་གིས་བཀག་ཡོད་ཅིང་། རྒྱ་གཞུང་གིས་ཉེན་རྟོག་དམག་མི་ཧ་ཅང་མང་པོ་ས་གནས་དེར་འགྲེམས་འཇོག་བྱས་པ་མ་ཟད། ཐད་འཕུར་གནམ་གྲུས་བསྐོར་བསྐྱོད་བྱས་ཡོད་པ་རེད།

ད་ལྟའི་བར་དུ་པེ་ཅིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་གཅིག་ཀྱང་ཐོན་མེད་ཅིང་། ས་གནས་དེའི་ཉེ་སྐོར་གྱི་མིས་བརྗོད་པ་ལྟར་ན། སྲིད་གཞུང་གིས་3G བརྡ་རྟགས་བཀག་སྟེ་ངོ་རྒོལ་ཁྲོམ་སྐོར་བ་ཚོའི་ཕན་ཚུན་འབྲེལ་བ་བྱེད་མི་བདེ་བར་བཟོས་ཡོད་པ་དང་། དྲ་ཐོག་གི་དེའི་སྐོར་གྱི་གནས་ཚུལ་རྣམས་མེད་པ་གཏོང་བཞིན་ཡོད་འདུག །

8f08f69f-b6a9-4f79-894e-ac1e8486c40a_mw1024_n_s