བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་ལྷན་ཚོགས།
ཟླ་འདིའི་ཚེས་༡༤ ནས་ཉིན་བཞིའི་རིང་དྷ་སའི་ཉེ་འགྲམ་རྒྱུད་སྟོད་གྲྭ་ཚང་དུ་ཆོས་རིགས་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་ལྷན་ཚོགས་ཤིག་འཚོགས་ཡོད་པ་རེད།
སྐབས་དེར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་བཅས་ཕེབས་ཡོད་པ་དང་། དེ་བཞིན་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་། དེ་བཞིན་ཆོས་བརྒྱུད་རེས་མེད་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ་༥༢ ཙམ་ཆེད་ཕེབས་གནང་ཡོད་པ་རེད།
༧གོང་ས་མཆོག་གི་བཀའ་དགོངས་བཞིན། དགོན་སྡེ་ཁག་གི་ནང་གཞུང་ཆེན་བཀའ་པོད་ལྔའི་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བྱེད་ཕྱོགས་དང་། འཇང་དགུན་ཆོས་དེ་ཆོས་བརྒྱུད་རིས་མེད་ཀྱིས་འཚོག་འཆར། ཆོས་བརྒྱུད་རིས་མེད་ཀྱི་སྨོན་ལམ་འཚོག་འཆར་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་“ཉིན་བཞིའི་རིང་བཀའ་བསྡུར་ལྷུག་པོའི་ཐོག་ནས་ང་ཚོ་ཆོས་རིག་ལས་ཁུངས་སུ་ལམ་སྟོན་གནང་དགོས་ཀྱི་ཡོད། ལྷན་ཚོགས་འདི་ནས་ལམ་སྟོན་གང་བྱུང་བ་དེ་ཆོས་རིག་ལས་ཁུངས་ཀྱིས་ཆོད་སེམས་བརྟན་པོའི་ཐོག་ནས་ལག་ལེན་བསྟར་རྒྱུའི་འདུན་པ་ཡོད།”ཅེས་གསུངས་ཡོད་པ་རེད།
ཆོས་རིག་བཀའ་བློན་གྱིས་མུ་མཐུད་གསུངས་དོན། “བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཚང་མས་དགོངས་པ་བཞེས་ཏེ་གཏན་འབེབས་གནང་རོགས་ཞུ་རྒྱུ་དང་། དེང་གི་འཛམ་གླིང་འདིའི་སྟེང་ང་ཚོར་ངོམས་རྒྱུ་ཡོད་པ་ནང་ཆོས་དང་ཡིན་པས། ང་ཚོར་མི་འཁོར་རྒྱུ་དང་དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་ཐོག་ནས་བོད་དོན་རྒྱབ་སྐྱོར་བྱེད་རྒྱུ་ནང་ཆོས་གཞིར་བཞག་ནས་མི་རིགས་ཐ་དད་ཡིན་པའི་རྒྱལ་ཁབ་གཅིག་དང་རིག་གཞུང་ཚད་མཐོ་པོ་ཡོད་པ་ཞིག་ལ་ངོས་འཛིན་གྱིས་ང་ཚོར་ལོ་རེ་བཞིན་རྒྱབ་སྐྱོར་ཇེ་ མང་འགྲོ་བའི་འབྱུང་ཁུངས་ནང་ཆོས་ཡིན་པར་བརྟེན་ད་ལྟ་ང་ཚོ་འདི་འདྲ་ཞིག་ལ་སླེབས་ཡོད། མ་འོངས་པར་གང་འདྲ་ཞིག་ཡར་རྒྱས་དང་ཚད་དང་ལྡན་པ་གང་འདྲ་བྱེད་དགོས་མིན་གྱི་དགོངས་པ་བཞེས་རྒྱུའི་ས་བོན་སྔོན་མ་ནས་ཆོས་བརྒྱུད་ཁག་གི་བཤད་གྲྭ་དང་སྒྲུབ་གྲྭ་ཁག་ལ་ཕུལ་ཡོད་”ཆོས་ལུགས་གལ་ཆེན་ཡིན་སྐོར་དང་། ཉེ་ཆར་ང་ཚོ་ཆོས་རིག་ལས་ཁུངས་ངོས་ན་འཛམ་གླིང་སྟེང་ནང་པའི་ཆོས་ཚོགས་ག་ཚོད་ བཙུགས་ཡོད་མིན་ཁ་བྱང་ཞིག་བསྡུ་རུབ་བྱས་པ་ཡིན། ལགས་སོན་བྱུང་བའི་གྲངས་ཐོ་ ༧༠༠ བརྒལ་བ་ཞིག་ཨ་མི་རི་ཀ་དང་ཡུ་རོབ། ཨེ་ཤི་ཡ། ལྷོ་ཨ་མི་རི་ཀ་སོགས་ནང་བཙུགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག །