མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་གནད་དོན་གླེང་བ།

2013_5_16_1

ཟླ་འདིའི་ཕྱི་ཚེས་༡༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་འོས་བསྡུའི་ལམ་ནས་སི་རི་ཡའི་ནང་འཁྲུག་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་པར་ཁ་རྡུང་བཏང་ཡོད་པ་མ་ཟད། ཁ་གཏད་ཤོག་ཁག་སི་རི་ཡའི་རྒྱལ་ཁབ་གནའ་འབྲེལ་ཚོགས་པར་བར་སྐབས་འགན་ཁུར་བའི་བར་བརྒལ་ཆབ་སྲིད་ཚོགས་པའི་ངོ་བོར་རྒྱབ་སྐྱོར་བྱས་ཡོད་པ་རེད།

ཁ་ཐར་འཆར་ཟིན་(ས་ངྷི་ཨ་རབ་བྷི་ཡ་དང་ཁ་ཐར་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡའི་གནད་དོན་ཐད་བཞག་པའི་ཚོང་འབྲེལ་བཅད་པ་སོགས་ཀྱི་འཆར་ཟིན་) ལ་གཞིར་འཛིན་པའི་ཚོད་འཛིན་ནུས་པ་མེད་པའི་གྲོས་ཆོད་དེར་འོས་ཤོག་༡༠༧ རྒྱབ་སྐྱོར་དང་རྒྱབ་སྐྱོར་མི་བྱེད་མཁན་འོས་ཤོག་གྲངས་༡༢  འོས་ཤོག་སྟོང་པ་༥༩ བཅས། ཐེངས་འདིའི་འོས་བསྡུ་དེ་ལོ་སྔོན་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འདི་དང་ཕྱོགས་མཚུངས་ཀྱི་འོས་བསྡུའི་རྒྱབ་སྐྱོར་གྱི་གྲངས་ཚད་དང་བསྡུར་ན་ཅུང་དམའ་བ་ཡོད་པ་རེད།

2013_5_16_1གྲོས་ཆོད་དེའི་ནང་སི་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཞིག་རང་དབང་གི་ཐོག་ནས་སི་རི་ཡའི་ནང་ཡོང་བཅུག་སྟེ། སི་རི་ཡས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་ཡོད་པའི་བཤད་སྟངས་དེར་བརྟག་དཔྱད་བྱ་རྒྱུ་ཡིན་པའི་རེ་འདུན་བཏོན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷེ་ཁི་མུ་ཡིས་ཆོག་མཆན་ཡོད་པའི་ཚོགས་ཆུང་དེ་སི་རི་ཡའི་ནང་བསྐྱོད་པའི་གྲ་སྒྲིག་ཡོངས་སུ་ཚར་ཡོད་ཀྱང་། སི་རི་ཡའི་སྲིད་གཞུང་གིས་ད་དུང་ཁས་ལེན་བྱས་མེད་པ་རེད།

རེས་གཟའ་ལྷག་པའི་སྔ་དྲོར་ཨ་རི་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས། མི་རིང་བའི་ཆར་ཞི་བའི་གྲོས་མོལ་བསྡུ་བསྐོང་གིས་སི་རི་ཡའི་དྲག་པོའི་ཟིང་འཁྲུག་མཇུག་སྒྲིལ་ཡོང་བའི་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཁེ་རི་ཡིས་སི་ཝིས་ཌན་དུ་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཐོག་བརྗོད་རྒྱུར།“ ཁོང་དང་ཨུ་རུ་སིའི་ཕྱི་སྲིད་བློན་ཆེན་ལཱ་ཧྤི་ལོའོ་གཉིས་ཀྱིས་ཕྱི་ཟླ་༦ པའི་ནང་རྗན་ནི་ཝ་རུ་འཚོག་གཏན་འཁེལ་བའི་ཞི་གྲོས་འཆར་གཞི་ལ་གྲུབ་འབྲས་བཟང་པོ་ཞིག་འབྱུང་ཐུབ་པའི་རེ་བ་ཧ་ཅང་ཆེན་པོ་བརྒྱབ་བཞིན་ཡོད་”ཅེས་དང་། ལཱ་ཧྥི་ལོའུ་ཡིས་དེར་མོས་མཐུན་ཡོད་པའི་ཐོག་ནས་བརྗོད་དོན། “མོ་སི་ཁུ་དང་ཝ་ཤིང་ཏྲོན་གཉིས་ཀྱིས་དངོས་སུ་སི་རི་ཡའི་སྲིད་གཞུང་བརྗེ་བསྒྱུར་བྱེད་རྩིས་བྱེད་བཞིན་ཡོད། ཁ་གཏད་ཤོག་ཁག་དང་སི་རི་ཡའི་གནད་དོན་ལ་དོ་སྣང་ཡོད་པའི་རྒྱལ་ཁབ་ཁག་གིས་ཐེངས་འདིའི་ཞི་གྲོས་ལ་རྒྱབ་སྐྱོརཡོང་བའི་རེ་བ་ཡོད་”ཅེས་སོགས་བརྗོད་ཡོད་འདུག