ཨ་དྲིལ་རིན་པོ་བཙོན་གྲོལ་ཐོབ་འདུག

ཟླ་འདིའི་ཚེས་ ༡༥ ཉིན་ཁམས་རྫ་ཆུ་ཁ་ནས་ཡིན་པའི་ཨ་དྲིན་རིན་པོ་མཆོག་ཆུ་ཤུལ་བཙོན་ཁང་ནས་དངོས་སུ་གློད་གྲོལ་ཐོབ་པ་དང་། ཚེས་ ༡༦ ཉིན་གསེར་ཤུལ་རྫོང་ཐོག་ལ་ཕེབས་འབྱོར་བྱུང་སྟེ། དེ་རིང་ཕྱི་ཚེས་ ༡༧ ཉིན་རྫ་ཆུ་དབོན་པོ་དགོན་ལ་ཕེབས་འབྱོར་བྱུང་ཡོད་འདུག

དེ་ཡང་སེར་བྱེས་གྲྭ་བྱམས་པ་ཡོན་ཏན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་༢༠༠༨ ཟླ་བ་༣ ཚེས་༡༠ ཉིན་བོད་མིའི་ཞི་རྒོལ་སྐབས་ཁམས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་ཀྱི་དབོན་པོ་དགོན་པའི་གྲྭ་པ་བརྒྱད་ལས་འགུལ་ནང་ཞུགས་ཡོད་པ་དང༌། དེ་འབྲེལ་རིན་པོ་ཆེ་ཡང་ལས་འགུལ་དེའི་སྐབས་འབྲེལ་བ་ཡོད་སྐོར་བརྗོད་ནས་རྒྱ་ནག་གཞུང་གིས་ཨ་དྲིལ་རིན་པོ་ཆེ་མཆོག་༢༠༠༨ ཟླ་བ་ ༣ ཚེས་ ༡༥ ཉིན་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག

mmexport1368798624428ལོ་གཅིག་རིང་སྟོད་ལུང་བཙོན་ཁང་དུ་བཀག་ཉར་བྱས་པ་དང༌། ༢༠༠༩ ཟླ་བ་༡༢ ཚེས་༡༥ ཉིན་རིན་པོ་ཆེ་ཡི་རྒྱ་རིགས་སློབ་མ་ལྷ་སར་སླེབས་ཏེ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ཡིན་པ་དང༌། སྐུ་གཟུགས་བདེ་ཐང་མེད་པ་བཅས་ཀྱིས་ཞུ་གཏུག་བྱས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་བྱས་མེད་པ་རེད། ཁོང་དེ་སྔོན་རིག་གསར་སྐབས་ཀྱང་རྒྱ་ནག་གིས་བཙོན་འཇུག་བྱས་པ་དང༌། དེ་ནས་བཙོན་གྲོལ་ཐོབ་མཚམས་རྒྱ་གཞུང་གིས་གོ་གནས་ཞིག་ཀྱང་སྤྲད་ཡོད། ༢༠༡༠ ཟླ་བ་༢ པའི་ནང་རིན་པོ་ཆེར་དངོས་སུ་ལོ་ངོ་ལྔ་ཡི་ཁྲིམས་ཐག་བཅད་ཡོད་པ་རེད། ཟླ་འདིའི་ཚེས་ ༡༥ ཉིན་ལོ་ལྔའི་དུས་བཀག་བཙོན་འཇུག་ཁ་གང་ནས་རིན་པོ་ཆེ་བཙོན་གྲོལ་བཏང་ཡོད་འདུག

གནས་ཚུལ་མཁོས་སྤྲོད་པས་བརྗོད་པ་ལྟར་ན་བཙོན་ཇུག་ཁྲིམས་ཆད་ཀྱི་ལོ་ནི་ ༢༠༡༠ ལོར་ཡིན་ནའང་། བཙོན་འཇུག་འགོ་འཛུགས་ཀྱི་ལོ་དུས་ཕྱི་ལོ་ ༢༠༠༨ ནས་བཙོན་འཇུག་བྱས་པ་དང་། ཟླ་བ་གཉིས་ལྷག་ཅིག་ལ་མུ་མཐུད་དུ་བཙོན་ཁང་ནས་བཀག་ཉར་བྱས་ཡོད་འདུག

ཨ་དྲིལ་རིན་པོ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་མཆོག་ནི། ༡༩༤༤ ལོར་འཁྲུངས་པ་དང་། ལབ་རྩེ་མོ་འཇམ་དབྱངས་བློ་གྲོས་རིན་ཆེན་མཆོག་གིས་ཨ་དྲིལ་བླ་མ་སྟག་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། དབོན་པོ་དགོན་འབངས་ཡོངས་ལ་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།   ༡༩༩༠ ལོ་ནས་རྫ་ཆུ་ཁ་དབོན་པོ་དགོན་པའི་བསྟན་བདག་གི་མཛད་འགན་བཞེསབཞིན་པ་རེད་འདུག

མེ་སོར་གསར་འགོད་པས།

http://www.tibetexpress.net/bo/home/2010-02-04-05-37-19/2811-2010-03-16-11-41-21