ཨི་རག་གི་ཁ་ཆེ་ནང་ཁུལ་གྱི་དྲག་སྤྱོད།

2013_5_21_1

ཨི་རག་གི་རྒྱལ་ས་པ་གྷི་ངྷ་གཙོས་པའི་གྲོང་ཁྱེན་ཁ་ཤས་ཤིག་གི་ནང་དུ་ཁ་ཆེའི་ཆོས་བརྒྱུད་ཁག་གི་ནང་ཁུལ་འགལ་ཟླ་ལ་བརྟེན་ནས་མ་མཐའ་ཡང་མི་༣༡ རྐྱེན་ལམ་དུ་བཏང་ཡོད་འདུག་པ་དང་། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ཡོད་འདུག

དེ་ཡང་འབྲེལ་ཡོད་དཔོན་རིགས་ཤིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན།  ཟླ་འདིའི་ཕྱི་ཚེས་༢༠ རེས་གཟའ་ཟླ་བའི་ཉིན་ཨི་རག་གི་རྒྱལ་ས་པ་གྷི་ངྷ་རུ་ཉུང་མཐའ་ཡང་མོ་ཊ་༨ འབར་རྫས་ཀྱིས་གས་གཏོར་དང་། དེ་བཞིན་ལྷོ་ཕྱོགས་གྲོང་ཁྱེར་པ་བྷ་སི་རའི་ནང་མོ་ཊ་༣ ཙམ་གས་གཏོར་གྱི་དྲག་པོའི་འཇབ་རྒོལ་གྱི་དོན་རྐྱེན་བྱུང་སྟེ། ཉུང་མཐའ་ཡང་མི་༣༡ ཙམ་རྐྱེན་ལམ་དུ་བཏང་ཡོད་འདུག

2013_5_21_1ད་ལྟའི་ཆར་ཨི་རག་ནང་གི་དྲག་པོའི་འཇབ་རྒོལ་གྱི་དོན་རྐྱེན་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཁ་ཆེའི་ཆོས་ལུགས་ནང་ཁུལ་གྱི་གྲངས་མང་བའི་ཞི་ཨེ་ཁ་ཆེ་དང་གྲངས་ཉུང་ཡིན་པའི་སན་ནི་ཁ་ཆེའི་དབར་གྱི་འགལ་ཟླ་ཆེ་རུ་ཕྱིན་ཏེ། ཉེ་བའི་བདུན་ཕྲག་གཅིག་གི་རིང་མི་༡༥༠ ཙམ་འབར་རྫས་གས་གཏོར་དང་དྲག་པོའི་འཇབ་རྒོལ་གཞན་དག་གི་འོག་རྐྱེན་ལམ་དུ་བཏང་ཡོད་འདུག