གཞས་པ་པདྨ་རིག་འཛིན་འཇུ་བཟུང་།
ཉེ་ཆར་བོད་མདོ་སྨད་རྔ་པ་རྫོང་ཁོངས་ཀྱི་གཞས་པ་པདྨ་རིག་འཛིན་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་སི་ཁྲོན་ཁྲིན་ཏུའུ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ བཀག་ཉར་བྱས་ཡོད་འདུག
ཐེངས་འདིར་རྒྱ་གཞུང་གིས་ཁོང་འཛིན་བྱེད་དགོས་པའི་རྒྱུ་རྐྱེན་གསལ་བཤད་བྱས་མེད་ནའང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གིས་གླུ་གཞས་ཀྱི་ཟེར་སྡེར་ཞིན་འདོན་ཆར་ཡོད་པ་དེར་ཆབ་སྲིད་ཀྱི་འབྲེལ་བ་ཡོད་སྐོར་བརྗོད་ཡོད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁོང་ཕྱི་ཟླ་༥ ཚེས་༧ ཉིན་འཇུ་བཟུང་བྱས་པ་ཡིན་འདུག
པདྨ་རིག་འཛིན་ནི་སྒྲ་སྙན་རྡུང་ལེན་པ་ཞིག་ཡིན་པ་དང་། ༡༩༨༢ ལོ་ནས་བཟུང་ཁོང་གིས་གངས་ལྗོངས་དྲན་གླུདང་མིག་ཆུ་སོགས་བོད་མི་རིགས་ཀྱི་གནས་བབ་མཚོན་པའི་སྒྲ་སྙན་རྡུང་ལེན་གྱི་ཟེར་སྡེར་ཁག་ཅིག་བཏོན་ཡོད་འདུག
སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གློག་བརྙན་སྒྲིག་བཟོ་ཁང་ཞིག་ཡོད་པ་དང་། དེ་སྔོན་རྒྱ་གཞུང་གི་ཉེན་རྟོག་པས་གློག་བརྙན་སྒྲིག་བཟོ་ཁང་དེ་སྒོ་རྒྱག་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་པའི་གནས་ཚུལ་འདུག་ལ། ད་ལྟ་གློག་བརྙན་སྒྲིག་བཟོ་ཁང་དེ་སྒོ་བརྒྱབ་ཡོད་འདུག
པདྨ་རིག་འཛིན་ལཊ་ནི་རྔ་པ་རྫོང་རྨེ་རུ་མ་ཞང་རུ་ཁག་ ༤ པ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༤༡ ཡས་མས་ཡིན་འདུག ཁོང་རང་ཆུང་དུས་ནས་རྔ་པ་རྫོང་གནམ་མཚོ་དགོན་པ་རུ་གྲྭ་པ་བྱས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་ལ། ཕྱིས་སུ་སྐྱ་སར་བབས་ཏེ་གཉེན་སྒྲིག་བྱས་ཡོད་འདུག །