སླེབས་ལ་ཉེ་བའི་རྒྱ་ནག་དྲུག་བཞིའི་རྗེས་དྲན་སྐབས་ལ་དམ་དྲག

60c1910e-889a-4b72-a3e8-469645af73b2_w640_r1_s༡༩༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མོར་མང་གཙོ་ལས་འགུལ་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་མི་ལོ་༢༤ འཁོར་བའི་རྗེས་དྲན་དང་རྒྱ་ནག་གི་འགོ་ཁྲིད་གསར་པའི་སྲིད་དབང་བཟུང་རྗེས་ཀྱི་དྲུག་བཞིའི་རྗེས་དྲན་ཐོག་མ་སླེབས་ལ་ཉེ་བའི་སྐབས་འདིར།  རྒྱ་ནག་གི་ས་ཆ་ཁ་ཤས་ཀྱི་མང་གཙོ་དོན་གཉེར་བ་རྣམས་ལ་དྲམ་དྲག་དང་བཀག་ཉར་བྱེད་ཀྱི་ཡོད་པ་རེད།

60c1910e-889a-4b72-a3e8-469645af73b2_w640_r1_s

བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཀོང་ཀྲུའུ་ནི་མང་གཙོའི་ལས་འགུལ་འཁྲུག་ཆ་དོད་པའི་ས་ཁུལ་ཞིག་ཡིན་ཞིང་། དེ་སྔོན་དྲུག་བཞིའི་ལས་འགུལ་ཁྲོད་དངོས་སུ་འཛུལ་ཞུགས་བྱ་མྱོང་བའི་ཀོང་ཀྲུའུ་ནས་ཡིན་པའི་ཤིས་ཞཱང་རོང་དང་ལི་ཝི་གོ  ལི་ཝི་ཧྲན་བཅས་གསུམ་གྱིས་ཕྱི་ཟླ་༥ ཚེས་ཚེས་༢༢ ཉིན། ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་དྲུག་བཞིའི་རྗེས་དྲན་ལས་འགུལ་སྤེལ་ཆོག་པའི་སྙན་ཞུ་ཞིག་སྲིད་གཞུང་ལ་ཕུལ་ཏེ། འབྲེལ་ཡོད་ལས་ཁུངས་ནས་སྙན་ཞུ་དེ་ཡར་བླངས་ཡོད་ཀྱང་། ཉིན་ཤས་རྗེས་ནས་རྒྱལ་ཁབ་བདེ་འཇགས་དམག་མིས་ལས་འགུལ་བ་མི་སྣ་གསུམ་དེ་ཁྲིད་སོང་ཡོད་འདུག་པ་དང་། ཁོང་གསུམ་ཉེས་མིང་ཅི་ཞིག་འོག་བཀག་ཉར་བྱས་པ་ཡིན་མིན་སུས་ཀྱང་ཤེས་རྟོགས་ཐུབ་མེད་པ་རེད།

དེ་བཞིན་དྲ་ཐོག་ཏུ་ཁུའུ་ཁུའུ་དང་དྲ་རྒྱ་གཞན་དག་བརྒྱུད་དེ་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་སྤེལ་བའི་མི་སྣ་ཧ་ཅང་མང་པོ་ཞིག་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་མི་སྣས་འཇུ་བཟུང་བྱེད་བཞིན་ཡོད་འདུག་པ་དང་། དྲུག་བཞིའི་མང་གཙོའི་ལས་འགུལ་གྱི་རྗེས་དྲན་ཐེངས་༢༤ པ་དེ་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གི་ས་ཆ་གང་སར་དམ་དྲག་སྔར་བས་ཤུགས་ཆེན་བྱེད་བཞིན་ཡོད་འདུག