རྨི་ལམ།

རྨི་ལམ་ནི་རྫུན་མ་ཞིག་ཡིན་ན་ཡང་། 
དེ་ནི་དངོས་ཡོད་ལས་སྤྲོ་སྣང་ཆེ་བ་དང་།
དངོས་ཡོད་ལས་འོད་སྟོང་ལྡན་པ།
དངོས་ཡོད་ལས་བརྩེ་སེམས་ཟབ་པ།
དངོས་ཡོད་ལས་བདེ་སྐྱིད་ལྡན་པ་བཅས་ཡོད་སྟབས།
མི་ཚོརྨི་ལམ་ལ་ཧ་ཅང་དགའ།

 

མི་ལ་ལས།      

རྨི་ལམ་གྱི་ཀློང་ནས་མ་འོངས་པའི་མདུན་ལམ་འཚོལ་བཞིན།

མི་ལ་ལས།

རྨི་ལམ་གྱི་ཁྲོད་ནས་རང་ཉིད་ལ་གསོན་ཤུགས་སྦྱིན།

དེས་ན། རྨི་ལམ་ནི་རྫུན་མ་ཡིན་མོད།

ཅི་འདྲའི་བག་ཡངས་དང་དྲོ་སྐྱིད་ལྡན་པ་ཞིག་རེད་ཨང་།