དྲན་གདུང་ཚན་པ། གཉིས་པ།
གལ་ཏེ་ང་།
གལ་ཏེ་ང། འདབ་ལྡན་གྱི་བྱེའུ་ཞིག་ཡིན་ན།
ངས་གནམ་འཕང་བཅད་དེ་གང་འདོད་ཀྱི་གནས་སུ་འཕུར་ན་འདོད།
གལ་ཏེ་ང། མངོན་ཤེས་ལྡན་པའི་རྣལ་འབྱོར་པ་ཞིག་ཡིན་ན།
ངས་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་བཟང་པོ་ཞིག་འཚོལ་ན་འདོད།
གལ་ཏེ་ང། འབྱོར་ལྡན་གྱི་ཚོང་པ་ཞིག་ཡིན་ན།
ངས་དབུལ་ཕྱུག་གི་ས་མཚམས་བརྒལ་ཏེ་ཉམ་ཆུང་རྣམས་བདེ་བས་སྐྱོང་ན་འདོད།
གལ་ཏེ་ང་། ཤེས་ཡོན་གྱི་བློ་ཁ་ཁེངས་པའི་མཁས་པ་ཞིག་ཡིན་ན།
ངས་བླང་དོར་གྱི་ལམ་སྣེ་ཁྲིད་དེ་བླུན་རྨོངས་ཀྱི་གདུང་བ་སེལ་ན་འདོད།
གལ་ཏེ་ང།
གལ་ཏེ་ང་།