རིན་ཆེན་ལྷ་མོར་གསེར་གྱི་རྟགས་མ་ཐོབ་པ།
ཨི་རག་ཏུ་འཚོགས་པའི་ཨེ་ཤ་ཡའི་བྲག་འཛེགས་པའི་ལེགས་སྐྱེས་འགྲན་སྡུར་ནང་བོད་ཀྱི་བུ་མོ་ཞིག་ལ་དཀའ་ཚད་འགྲན་བསྡུར་དང་། བྲག་འཛེགས་འགྲན་སྡུར་གྱི་གསེར་གྱི་རྟགས་མ་གཉིས་ཐོབ་ཡོད་པ་རེད།
དེའང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥ བའི་ཚེས༢༤ ཉིན་གྱི་དགོང་དྲོར། ཨི་རག་གི་རྒྱལ་ས་ཐེ་རན་ལ་འཚོགས་པའི་ཨེ་ཤ་ཡའི་བྲག་འཛེགས་འགྲན་བསྡུར་སྐབས་༢༡ པའི་སྟེང་། རྒྱ་ནག་རུ་ཁག་གིས་སྐྱེས་མའི་དཀའ་ཚད་འགྲན་སྡུར་དང་། སྐྱེས་པའི་བྲག་འཛེག་འགྲན་བསྡུར། སྐྱེས་པའི་མགྱོགས་ཚོད་འགྲན་སྡུར་བཅས་གསེར་གྱི་རྟགས་མ་གསུམ་བླངས་པ་དང་། དེའི་ཁྲོད་བོད་ཀྱི་བུ་མོ་རིན་ཆེན་ལྷ་མོར་དཀའ་ཚད་འགྲན་བསྡུར་དང་སྐྱེས་མའི་བྲག་འཛེགས་འགྲན་སྡུར་གྱི་གསེར་གྱི་རྟགས་མ་གཉིས་ཐོབ་ཡོད་པ་རེད།
གཞན་ཡང་ཐེངས་འདིའི་ཨེ་ཤ་ཡའི་ལེགས་སྐྱེས་འགྲན་སྡུར་དུ་བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཡིན་པའི་བོད་མི་བསོད་ནམས་རྒྱ་མཚོས་སྐྱེས་པའི་དཀའ་ཚད་འགྲན་སྡུར་གྱི་ཨང་བཅུ་བཞི་བ་དང་། བྲག་འཛེགས་ཀྱི་ཨང་བཅུ་བ་གཉིས་བླངས་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་རེད།
ཐེངས་འདིར་རིན་ཆེན་ལྷ་མོར་གསེར་གྱི་རྟགས་མ་ཐོབ་ནི་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་བོད་ཀྱི་སྐྱེས་མར་བྱ་དགའ་ཐོབ་ཉུང་ཤས་ཤིག་བྱུང་ཡོད་པའི་ནང་གཅིག་ཡིན་ཞིང་། ད་ལོའི་ཕྱི་༤ པའི་ཚེས་༢༡ བོད་ཀྱི་ལུས་རྩལ་བ་གྲགས་ཅན་ཤི་ལོག་སྒྲོལ་མས་རྒྱ་ནག་གི་གྱད་འགྲན་པའི་མིང་ཐོག་ནས། རྒྱ་གར་དུ་འཚོགས་པའི་ཨེ་ཤི་ཡའི་རང་དབང་གྱད་རྩལ་འགྲན་སྡུར་སྟེང་འཛུལ་ཞུགས་བྱས་ཏེ། འགྲན་སྡུར་ཐེངས་གསུམ་བྱས་པ་ཆ་ཚང་ལ་རྒྱལ་ཁ་ཐོབ་སྟེ་ཕུལ་བྱུང་གི་གསེར་གྱི་རྟགས་མ་བླངས། གཞན་བོད་མི་ཆོས་དབྱིངས་སྐྱིད་ཀྱིས་༢༠༡༢ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་གྱི་ལེ་དབར་༢༠ ནང་གི་འདུར་རྒྱུགས་འགྲན་སྡུར་ཁྲོད། ཆུ་ཚོད་༡ དང་སྐར་མ་༢༥ སྐར་ཆ་༡༦ གི་གྲུབ་འབྲས་བླངས་ཏེ་ཟངས་ཀྱི་རྟགས་མ་ཐོབ་པ་དང་། དེ་ནི་བོད་ཀྱི་ལོ་རྒྱུས་ནང་རྒྱལ་སྤྱིའི་ཨོ་རྩལ་འགྲན་སྡུར་ཁྲོད་འཛུལ་ཞུགས་ཀྱིས་བྱ་དགའ་བླངས་མ་ཐོག་མ་དེ་ཆགས་ཡོད་པ་རེད། །