༧གོང་ས་མཆོག་ཨོ་སི་ཁྲི་ལི་ཡི་རུ་ཆིབས་བསྒྱུར་ཡོད་པ་རེད།
༧གོང་ས་མཆོག་གི་ནེའུ་ཛི་ལེན་ཌིའི་ཉིན་གསུམ་གྱི་གསུང་ཆོས་ལེགས་པར་འགྲུབ་སྟེ། ཟླ་འདིའི་ཚེས་༡༣ ཉིན་གྱི་ཞོགས་པ་ཨོ་སི་ཁྲི་ལི་ཡིའི་སི་ཌི་རྒྱལ་སྤྱིའི་གནམ་ཐང་དུ་ཆིམས་བསྒྱུར་གནང་ཡོད་པ་རེད།
ས་གནས་སུ་གཉུག་མར་གནས་པའི་ཆོས་ཚོགས་ཁག་གི་མཁན་བླ་དགེ་བཤེས་རྣམས་དང་། ས་གནས་བོད་རིགས་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོར་པ་ཁག་གི་མཛད་གཙོ་རྣམ་པ། གཞན་ཡང་གཞུང་ཞབས་ལས་བྱེད་དང་སློབ་ཕྲུག་སོགས་ས་གནས་བོད་མི་དང་ཕྱི་གླིང་བ་སོགས་བརྒྱ་ཕྲག་དུ་མ་ཆིབས་བསུར་བཅར་ཏེ་དགའ་དད་སྤྲོ་གསུམ་གྱི་གསོལ་སྨོན་ཁྲོད་ནས་སྤོས་མེ་དར་གསུམ་གྱི་དད་རྫས་དུ་མའི་ཁྲོད་ཕེབས་བསུ་ཞུས་སོང་།
གནམ་ཐང་ནས་ཐད་ཀར་སི་ཌི་ནེས་གཙུགས་ལག་སློབ་གྲྭ་ཆེན་མོས་གདན་ཞུ་གནང་བ་ལྟར་ཆེད་ཕེབས་གནང་། སློབ་གྲྭ་ཆེན་མོ་ཚོགས་ཁང་ནས་ཤེས་ཡོན་དང་ཤེས་ཡོད་གལ་ཆེན་ཇི་ལྟ་ཡིན་མིན་སྐོར་སོགས་ནས་བཀའ་སློབ་གལ་ཆེན་གནང་ཡོད་པ་མ་ཟད། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་ཚོར་དམིགས་བསལ་གྱི་འགན་འཁྲི་ཆེན་པོ་ཡོད་པ་མ་ཟད། མི་རབས་གསར་པས་སྣེ་ཁྲིད་གནང་ནས་དུས་རབས་གསར་པར་ཞི་བདེ་དང་དྲང་བདེན་གྱི་སྤྱི་ཚོགས་ཚད་ལྡན་ཞིག་བསྐྲུན་དགོས་སྐོར་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
ཉིན་དེའི་ཆུ་ཚོད་ ༡༡ ཐོག་ནས་སི་ཌི་ནེས་གྲོང་ཁྱེར་དབུས་སུ་ཡོད་པའི་Hillton Hotel རྒྱལ་སྤྱིའི་རྒྱལ་ཁབ་ག་ས་ནས་ཆེད་བཅར་བྱས་པའི་གསར་འགོད་པ་དང་། མཁས་དབང་གནད་དོན་དབྱེ་ཞིབ་པ་སོགས་ཁྱོན་མི་གྲངས་རྒྱ་མ་ཟིན་ཙམ་ལ་ཆེད་དུ་རྒྱལ་ཕྱི་ནང་གི་གནད་དོན་གལ་ཆེན་གང་མང་ཞིག་གི་ཐད་ནས་བཀའ་འདྲི་ཞུས་པར་བཀའ་ལན་གནང་ཡོད་པ་རེད། ཚེས་༡༤ ནས་གསུང་ཆོས་དབུ་འཛུག་གནང་ཡོད་པ་དང་། དེ་བཞིན་ད་དུང་སི་ཌི་ནེས་གྲོང་ཁྱེར་ནང་དུ་ཉིན་གྲངས་༤ དང་རེས་གཟའ་མིག་དམར་ཉིན་ནས་ཡུལ་འདིའི་གྲོང་ཁྱེར་ཆེས་ཤོས་གཉིས་པ་མེལ་བྷོན་ནང་ཉིན་གཉིས་རིང་མཛད་འཕྲིན་སྐྱོང་རྒྱུ་དང་དེ་བཞིན་ཨ་ཌལ་ལེན་ཌི་ཡི་ནང་ལའང་མཛད་འཕྲིན་གལ་ཆེན་འགའ་ཤེས་སྐྱོང་གཏན་ཁེལ་ཡོད་པ་རེད་ཡིན་འདུག
གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སི་ཁྲི་ལི་ཡའི་སི་ཌི་ནེས་གྲོང་ཁྱེར་ནས། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༣ ཉིན།