བོད་ཀྱི་སྐད་ཡིག་གོང་འཕེལ་སླད་རྟགས་རྣམས་ཁ་སྐོང་བྱེད་ཐུབ་ཐབས་དགོས།
ཡེ་ཤེས་བསྟན་འཛིན། སློབ་མ། བྷུན་ཏར་དགེ་འོས་མཐོ་སློབ་ནས།
དེ་ཡང་དུས་རབས་བདུན་པའི་ནང་ལ་ཐོན་མི་རང་གིས་བརྡ་སྤྲོད་པ་དང་སུམ་རྟགས་ལ་སོགས་པའི་བསྟན་བཅོས་ཁྱོན་བསྡོམས་བརྒྱད་རྩམས་ཡོད་མོད། རྗེས་སུ་བོད་རྒྱལ་ཞེ་གཅིག་བླང་དར་གཤིས་རྒྱུད་ཧ་ཅང་ངན་པས་བསྟན་བཅོས་ཆེན་མོ་དྲུག་རྕ་མེད་དུ་བཏང་བ་ལོ་རྒྱུས་ནང་གསལ་པོ་ཡོད་པ།
ད་གཟོད་མཇལ་རྒྱུ་ཡོད་པ་བསྟན་བཅོས་ནི་གཉིས་ལས་ལྷག་མེད་ན་ཡང། བོད་ཀྱི་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་ངོ་བོ་ནི་གཙང་མར་གནས་ཡོད་ལ་ལོ་རེ་ལོ་རེ་སངས་རྒྱས་ཀྱི་བསྟན་པ། བླ་མའི་གཟི་བརྗིད་ལ་འཚོར་བ་དང་ལོ་པཎ་གྱི་མཛད་རྗེས་ཀྱི་བཀའ་དྲིན་ལ་བརྟེན་འཛམ་གླིང་འདིར་སྐད་རིགས་འདྲ་མིན་ནང་ནས་འགྲན་འོས་པ་དང་། མུ་མཐུད་དུ་ཡར་རྒྱས་བཟང་ཤོས་ཞིག་ཆགས་ཡོད།
ཡིན་ན་ཡང། བོད་ཀྱི་སྐད་ཡིག་འདི་གོང་ནས་གོང་འཕེལ་ཡོང་ཐུབ་པ་ལ་སྔོན་གྱི་ཐ་སྙད་ཡོད་དོ་ཅོག་ལ་སྲུང་སྐྱོབ་དང། བརྡ་སྤྲོད་ལ་ཉམས་ཞིབ་དང་གསར་སྣོན་ཐུབ་ཐབས་ནི་གོ་རྟོགས་སྤེལ་གསུམ་སླད་ཆེའི་གལ་ཆེན་ཞིག་ཆགས་ཡོད་འདུག བདག་གིས་སྔོན་མ་གླང་དར་རྒྱལ་པོ་ཡིས་རྩ་མེད་བཏང་བའི་བསྟན་བཅོས་ཁག་ལ་བློ་རིག་གིས་བསམ་བློ་ཟབ་པོ་ཞིག་བཏང་ན་བོད་ཡིག་དུ་ཚེག་དང་། ཤད། གཅོད་མཚམས་སོགས་ལག་ལེན་འཇུག་སྟངས་འདྲ་མིན་བཀོད་ཡོད་ན་ཡང། ཐོན་མི་ཡི་བསྟན་བཅོས་དེ་ཡི་ནང་རྒྱ་གར་དང་དབྱིན་ཡིག་བརྡ་སྤྲོད་དང་མཚུངས་པའི་[punctuation marks ] བོད་ཡིག་ནང་ལ་ཚིག་ཕྲད་རྗེས་སུ་འདྲི་ཚིག་གི་རྟགས་(?) ངོ་མཚར་གི་རྟགས་(!) བེརེཀེཊ་( ) ཊེཤ་(-) དང་ ལུང་འདྲེན་གྱི་རྟགས་(‘’)སོགས་ཡོད་སྙམ།
སྔར་སྲོལ་བོད་ནང་ཡིག་བྲིས་གང་རུང་བྲིས་སྐབས་ཕྱག་དཔེ་ཤོག་ལྷེ་མདུན་ངོས་སུ་ཡིག་འགོ་བྲིས་སྲོལ་ཡོད་པ་མ་ཟད། ཤོག་གསར་རེ་རེ་བཞིན་དུ་འབྲི་སྲོལ་ཡོད། ༄༅། ༄༅ ད་ཆ་དེང་དུས་ཀྱི་ཕྱི་རྒྱལ་ལུགས་སྲོལ་དང་མཚུངས་སྟབས། ཡིག་འགོ་ཉུང་དུ་བཏང་ནས་མདུན་ངོས་སུ་གཅིག་འབྲི་སྲོལ་དང། ལ་ལས་ཡིག་འགོ་མི་འབྲི་བ་ལེགས་ཆའི་ཡར་རྒྱས་དང། ཐོན་མིས་མཛད་ཡོད་མེད་ལ་མ་གཟིགས་པར་ཡང་སྔོན་གྱི་རྨོངས་རིག་རྣམས་གཤགས་ནས། དེང་རབས་ཚུལ་དུ་འཇུག་དགོས་ཡོད་ན་ལེགས་པ་དང་ དེ་བཞིན་ཆ་རྐྱེན་ཚང་མ་ཡོད་དགོས་པ་ནི་ཨ་ན་མ་ན་རེད།
དེང་དུས་ཀྱི་སྐད་རིགས་ཡོངས་ལ་དར་ཁྱབ་ཆེ་བའི་རྟགས་སྣ་ཚོགས་ཡོད་པ་དེ་དག་དགོས་ངེས་དང་བེད་སྤྱོད་ཆེ་བ་འདུག་ན་ལེན་དགོས། བོད་ཡིག་ནང་སྔོན་རྟགས་སྲོལ་རྣམས་དེང་རབས་རྒྱལ་སྤྱི་ཡོངས་དང་མཐུན་པ་ལེགས་བཅོས་བྱེད་རན་འདུག དྲི་བའི་རྟགས་དང།(?) ངོ་མཚར་གྱི་རྟགས།(!) བེརེཀཊ་( {} ) ཊེཤ།( _) ལུང་འདྲེན།(“ ) ལྔ་པོ་ནི་ཧ་ཅང་དགོས་ངེས་འདུག་སྟེ། སྔོན་སྲོལ་རྣམས་ཀྱི་བློ་རྨོངས་དང། དམིགས་ཡུལ་མེད་པའི་བློ་རྣམས་སྤོང་ནས་དཔྱད་པའི་ངང་འཇུག་དགོས་སོ།
དྲི་ཚིག་གི་རྟགས་ནི་བོད་སྐད་ལ་དགོས་ངེས་ཏེ། རྒྱུ་མཚན།
རྟགས་དེ་མཐར་སྦྱོར་སྐབས་བློ་ནང་དྲི་ཚིག་གི་དོན་དང་དྲི་ཚིག་གི་རྟགས་ཡིན་པ་གསལ་བོར་ཤེས་ཐུབ། དཔེར་ན་ བསྟན་འཇིན་ཁྲོམ་དུ་ག་དུས་ཕེབས་ཀྱི་རེད? ཁོ་སུ་རེད?སོགས་འབྲི་སྲོལ་ནང་རྟགས་འདིོ་རྣམས་བེད་སྤྱོད་པ་ན་ནུས་པ་ཆེ་རུ་དང་ཕ་རོལ་པའི་གོ་རྟོགས་ལེགས་པ་ཐོབ། དེ་མིན་གྱི་བོད་སྐད་ནང་གམ་ངམ་སོགས་སླར་བསྡུ་ཕྲད་བཅུ་གཅིག་ལྡན་ན་ཡང། དེང་གླེང་མོལ་དང་བྲིས་བའི་སྐབས་ཆེ་བེད་སྤྱོད་གནང་མཁན་ན་ནི་ཧ་ཅང་གི་དཀའ་བ་ཡིན་པས། དྲི་ཚིག་གི་རྟགས་ཁོ་ན་བེད་ནུས་ཆེ་བ་ཡོད།
ངོ་མཚར་བའི་རྟགས་ (!) རྒྱུ་མཚན།
འདི་ཡང་དགོས་ངེས་ཏེ། བོད་ཡིག་ནང་དགའ་ཚོར་དང་ངོ་མཚར་ཡང་ན་གློ་བུར་འབོད་སྒྲ་ཁག་ལ་བདེ་སྤྱོད་ཡོད། དཔེར་ན་ པ་སངས!ཞེས་ པ་སངས་དང་ཚེ་རིང་ཞལ་ནས་སྟོན་སྐབས་པ་སངས་དང་ཚེ་རིང་འདི་ཕ་རོལ་པའི་ངོ་མཚར་དུ་བརྗོད་ཡོད་ན་ཡང་རྟགས་དེ་མེད་པ་ཡིན་ན། དོན་རྟོགས་མི་ནུས། ཡིན་ཡང་ ཨེ་པ་སངས་ དང་ ཨེ་ཚེ་རིང་བྲིས་ཆོག་ཀྱང། ངོ་མཚར་རྟགས་འདིའི་ལྡན་ན་ངོ་མཚར་དུ་སྟོན་ནུས་ཆེ་བའོ།འདིའི་རྣམས་མེད་པ་ཡིན་ན། དཔེར་ན། དཔའ་བོ་དཔའ་རྕལ་ལྡན་ན་ཡང་དཔའ་བོ་ལག་ལྡུམ་བཞིན་ཆགས།
བོད་སྐད་ཡང་ན་བོད་ཡིག་འདི་ཡར་རྒྱས་གཏོང་ཐུབ་པར་རྟགས་རྣམས་ཁེ་ཕན་ཡོད་འདུག་སྙམ།
བེརེཀེཊ་ད།( )་ ཊེཤ། _ ལུངས་འདྲེན་སོགས་ནི་ཧ་ཅང་དགོས་ངེས་གཟིགས་པར་བྱ། རྒྱུ་མཚན་།
བེརེཀེཊ་བརྡ་སྤྲོད་ཆེན་མོ་ནང་བེད་སྤྱོད་གཏོང་སྐབས་བཏང་ཡུལ་མི་འདྲ་བ་བཞིན་རྟགས་རྣམས་མི་འདྲ་བ་ཡོད། ཆ་བཞག་ན་ ཟླུམ་པོ་བེ་རེ་ཀེཏ་དང་ ( ) གྲུ་བཞི་མ་( [ ])གྲུ་ཟུར(< >)འཆིང་བ་({ })བཅས་ཡོད་ ཟླུམ་པོ་བེརེཀེཊ་ནི། བྲིས་བ་པོའི་རང་གིས་བརྗོད་བྱེད་བརྗོད་བྱ་ལྷན་དུ་ཚིག་སྡོམ་གནང་ནས་དོན་དང་གོ་རྟོགས་ལེགས་པོ་རྟོགས་ཐུབ། དཔེར་ན། གཉའ་ཁྲི་བཙན་པོ་(བོད་རྒྱལ་དང་པོ་ཡིོན )ཁོང་གིས་ཕོ་བྲང་དང་པོ་བཞེངས། འདིའི་སྐབས་གཉའ་ཁྲིའི་ལོ་རྒྱུས་སྐོར་ཚིག་སྡོམ་སྟོན་ཡོད།
གྲུ་བཞི་མ་ དེ་ཡང་སྔོན་མཁས་དབང་རྣམས་ཀྱིས་ལུངས་འདྲེན་རྣམས་ལ་སླར་ཡང་ཚིག་བསྡོམས་དང་ ནོར་བཅོས་ འགྲེལ་བ་ སོགས་གནང་བྱེད་ཕན་རླབས་ཆེ།
གཉིས་པ་ཊེཤ་ནི་ཧ་ཅང་གི་བེད་སྤྱོད་ཆེ་བ་ཡོད་པ་ནི། དཔེར་ན། ངའི་ཁ་པར་ཨང་གྲངས་ནི་ -༠༩༢༦༡༨༡༣༤༧༩ འདིའི་ཨང་གྲངས་དུ་མའི་ཁྲོད་ལ་བེད་སྤྱོད་པ་དང་ གཞན་ཡང་གཏམ་གླེང་བར་ལ་བར་ཆད་བྱེད་པས་བྲིས་སྐབས་བདེ་སྤྱོད་གཏོང་གི་ཡོད།
ལུང་འདྲེན་གྱི་རྟགས་ནི་ མཁས་དབང་རྣམས་ཀྱི་ཞལ་ནས་བརྗོད་པའི་གཏམ་རྣམས་མཁོན་གསལ་སྟོན་བྱེད་ལུང་དུ་འདྲེན་ནས་བདེ་སྤྱོད་གཏོང་སྲོལ་ཡོད། དཔེར་ན། ཚེ་བརྟན་ཞབས་དྲུང་ལས་ “རྩོམ་རྩལ་ལ་སྦྱང་ན་སྙན་ངག་གི་དཔེར་བརྗོད་རྕམ་གྱི་མི་ཆོག་ དེའི་ཕན་ཆད་ནས་སྙན་ངག་གི་བསྟན་བཅོས་ཤིག་བརྩམས་ན་སྙན་ངག་ལ་སྦྱོང་བརྡར་འགྲོ་བ་ཡིན།’’བཅས་རྟགས་འདི་རྣམས་འཇམ་གླིང་གཞན་ལ་ཡོད་པ་རྣམས་རང་རེ་གངས་ཅན་པའི་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིན་ཏུ་གལ་ཆིན་ཡོད་ན་ཡང་དགོས་ངེས་ཡོད་པ་རྣམས་མཁྲེགས་བཟུང་མི་བྱེད་ནས་དཔྱད་པའི་ངང་ལེན་ཐབས་བྱེད་དགོས་རེད” འོ་ན་ཕྱོགས་གང་ནས་བརྗོད་པ་ཡིན་ན་གོང་གསལ་རྟགས་རྣམས་བོད་ཡིག་གླེང་མོལ་དང་ཆེ་དམིགས་བསལ་བོད་ཡིག་བྲིས་སྲོལ་ལ་ཕན་ཡོན་རླབས་ཆེན་ཞིག་ཡོད་པ་སློབ་མ་ཞིག་ངང་ནས་མཐོང།
ད་ལྟའི་གནས་བབས་འདིར་ཕྱོགས་གཅིག་ནས་བོད་སྐད་ནང་ཡོངས་གྲགས་སུ་དར་ཁྱབ་ཟིན་པའི་ཐ་སྙད་ཡོད་དོ་ཅོག་ལ་འཛིན་སྐྱོང་སྤེལ་གསུམ་ངང་ནས་གཅེས་སྲུང་བྱེད་པ་དང། དུས་སྐབས་དང་གླིང་འདྲ་མིན་ལ་བེད་སྤྱོད་བྱེད་པའི་འབྲི་སྲོལ་རྣམས་མཁོ་ངེས་ཡོད་ན་ཁ་སྐོང་བྱ་རྒྱུ་ནི་མི་རིགས་ཀྱི་སྲོག་རྕ་ཡིན། ཆབས་ཅིག་ཡང་རིགས་སྒྲ་སྦྱོར་གྱི་མཁས་པ་དང། བོད་ཡིག་ཐོག་ཉམས་ཞིབ་པ། མཐོ་སློབ་ཁག་གི་སློབ་དཔོན་དང་སློབ་མ། སློབ་གྲྭ་དུ་མའི་དགེ་སློབ། ཆོས་སྡེ་ཁག་གི་དགེ་སློབ། སྤྱི་ཚོགས་ནང་གི་ཤེས་ཡོན་ཡོད་མཁན་དང་ལས་སྣེ་ཁག་ཡོངས་ཀྱི་འབྲེལ་མདུད་ཟབ་མོའི་སྒོ་ནས་ཕྱོགས་གཅིག་ཏུ་སྤུངས་སྟབས་ཐུབ་བྱུང་ན། བོད་མི་དང་བོད་ཀྱི་རིག་གཞུང་གི་མཚན་ཉིད་སྤུས་གཙང་ཞིག་ཡོང་རྒྱུ་དང་ སྤྱིར་འཇིག་རྟེན་ཟླུམ་པོ་ནང་རྒྱལ་སྤྱིའི་སྐད་ཡིག་གཅིག་འགྱུར་ངེས་རེད།
བོད་ཀྱི་སྐད་ཡིག་གོང་འཕེལ་སླད་རྟགས་རྣམས་ཁ་སྐོང་བྱེད་ཐུབ་ཐབས་དགོས།
ཡེ་ཤེས་བསྟན་འཛིན། སློབ་མ།
བྷུན་ཏར་དགེ་འོས་མཐོ་སློབ་ནས།