༄༅།།བོད་མི་ཐོག་མར་བྱུང་ཚུལ།

རྒྱལ་མོ་འབྲུག་པས་བརྩམས་པའི་༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་༽ལ་སློབ་སྦྱོང་བྱས་པའི་ཟིན་བྲིས་།
༡༽བོད་མི་ཐོང་མར་བྱུང་ཚུལ།
བོད་མི་ཐོག་མར་བྱུང་ཚུལ་འདི་ལ་རིགས་མི་འདྲ་བ་གསུམ་ཡོད་པ་ཡོངས་གྲགས་ལྟར་ཡིན་།
དང་པོ་ནི།་་་་་རྒྱ་གར་ནས་བྱུང་བ་དང། གཉིས་པ་ནི།་་་་རྒྱ་ནག་ནས་བྱུང་བ། གསུམ་པ་ནི།་་་་་སྤྲ་ལས་བྱུང་བ།


ལུགས་འདི་གསུམ་ནི་སྔ་ནས་ད་བར་དུ་བོད་ཀྱི་མཁས་པ་ཚོས་འགྲེལ་ལུགས་མི་འདྲ་བ་གསུམ་ལ་བསྡུས་ཡོད་པ་ཡིན་པས་འདི་དག་ཀྱང་གཏམ་བརྒྱུད་རེ་ལ་སྦྱར་ནས་ཡོད་པ་ཡིན།
དེ་ནས་དང་པོ་རྒྱ་གར་ནས་བྱུང་ཟེར་བ་ནི་༼ལྷ་ལས་ཕུལ་དུ་བྱུང་བའི་སྟོད་པ༽ལས་སྐྱབས་སེང་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུ་མེད་ཀྱི་ཆས་ལུགས་སུ་བྱས་དེ་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། ཞེས་གསུངས་པ་ལ་སྔོན་བོད་ཀྱི་ཆོས་པ་དང་མཁས་པ་འགའ་ཞིག་གིས་བཤད་ཚུལ་དེ་བདེན་པར་འཛིན་ཡང་དེ་ནི་དོན་དང་གནས་མེད་པ་དང། དེའི་རྒྱུ་མཚན་དུ་རང་རིའི་བྱིངས་ཀྱི་མཁས་པ་མང་པོད་ལྟ་བའམ་འདོད་ཚུལ་དེ་བཀག་ཡོད་པ་དང་དེ་དག་ནི་༼སྔོན་གྱི་གཏམ་མེ་ཏོག་འཕྲེང་བ༽༼ཆོས་འབྱུང་མཁས་པའི་དགའ་སྟོན༽༼སུམ་པ་ཆོས་འབྱུང་༽སོགས་ཡིན་པར་གསུངས་འདུག།།སྐྱབས་སེང་བུ་ལྔས་དམག་འཁྲུག་བྱེད་པའི་དུས་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་ནས་བྱུང་བ་རྒྱ་གར་གྱི་ལོ་རྒྱུ་རྣམས་ལ་ཡོངས་སུ་གྲགས་པ་ཡིན་པས་དེའི་སྔོན་དུ་བོད་ནང་བོད་མི་བྱུང་ཡོད་པ་མ་ཟད་༼དེབ་ཐེར་དཀར་པོ༽དང་༼རྒྱལ་རབས་འཁྲུལ་གྱི་ལྡེ་མིག༽སོགས་ལས་བོད་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགསག་པའི་གནོད་པ་མེད་ཅིང་ཞེས་གསུངས་པ་དང། གལ་ཏེ་རྒྱ་གར་ནས་བརྒྱུད་པ་ཡིན་ཟེར་ན་དོན་ཚན་མི་འདྲ་བ་གསུམ་གྱི་ཐོག་ནས་འདོད་པ་དེ་མི་འཐད་པར་འགྲེལ་ནུས་པ་ནི། དང་པོ། སྐྱབས་སེར་བུ་ལྔ་ནི་རྒྱ་གར་བ་ཡིན་པ་དང་། དེས་མི་ཚད་པར་ཧི་དྷུ་ཡིན་པའི་རྒྱུ་མཚན་དུ་བྱས་ནས་མི་རིགས་འདིའི་གོམ་གཤིས་སོགས་ལ་ཡང་དེ་བཞིན་གྱི་གོམས་གཤིས་ཤིག་ཡོད་དགོས་པ་པ་དང། གཉིས་པ་ནི། དེ་དུས་རྒྱ་གར་བ་ནི་རིག་གནས་ཀྱི་ཚད་ཧ་ཅང་གི་ཆེན་པོ་ཡིན་པས་བོད་འདི་ཅི་ཡང་མི་ཤེས་པའི་ཀླ་ཀློའི་ཡུལ་ལྟ་བུ་ཞིག་ལ་གྱུར་ནས་ཡོད་དགོས་དོན་མེད་པ། གསུམ་པ་ནི། མིའི་རིགས་ཀྱི་གཟུགས་དབྱིབས་སོགས་ཀྱང་རྒྱ་གར་བ་དང་གཏན་མི་འདྲ་བ་སོགས་རྒྱུ་མཚན་གང་མང་ཞིག་ལ་བརྟེན་ནས་ང་ཚོས་བོད་ཀྱི་མི་རིགས་འདི་རྒྱ་གར་ནས་བརྒྱུད་པ་མ་ཡིན་པ་རྟོགས་ངེས་ཡིན་ཞེས་རྒན་ལགས་ནས་གསུངས་བྱུང།
རྗེས་སུ་རིམ་པས་རྒྱ་ནག་ནས་བྱུང་བའི་སྐོོར་ལ་འགོད་རྒྱུ་ཡིན་པས་ཞིབ་གཟིགས་དང་དགོངས་འཆར་གསུངས་རོགས།

བོད་རིགས་རྒྱ་ནག་ནས་མཆེད་པར་་བཤད་པ།
ཡང་རྒྱ་ནག་ནས་མཆེད་པར་འདོད་པ་ནི་གཙོ་བོ་རྒྱའི་ཡིག་ཚང་སྔ་ཤོས་སུ་གྲགས་པ་༼ཧན་ཕྱི་པར་མའི་དེབ་ཀྱི་ནུབ་ཆྭང་གི་ལོ་རྒྱུས་༽ཞེས་ཐད་ཀར་རྒྱ་ལས་བྱུང་བ་བཤད་མེད་ཀྱང་བོད་རིགས་ནུབ་ཆྭང་གི་རྒྱུད་ལས་མཆེད་པ་དང་ཆྭང་ནི་མ་གཞི་རྒྱ་དང་ཁུངས་གཅིག་པར་བཀོད་ཡོད་ཅིང་། ཐང་ཡིག་གསར་རྙིང་གཉིས་སུའང་དེ་ལྟར་འཁོད་པར་་བརྟེན་སྔོན་ཆད་རྒྱ་རིགས་མཁས་པ་ཕལ་ཆེར་གྱིས་གྱིས་བཞེད་ཚུལ་དེ་གཙིགས་སུ་འཛིན་།ཞེས་གསུངས་འདུག་པ་ལྟར་ན་རྒྱ་ནག་པ་ཚོས་བོད་འདི་རྒྱ་རིགས་ལས་བྱུང་བར་འདོད།འོན་ཀྱང་ཆྭང་ཟེར་བ་ནི་ཏིང་ཆང་དང་རོང་ཆང་ཟེར་ནས་འབྲི་སྲོལ་འདྲ་མིན་བྱུང་ཡོད་པ་དང་ཆྭང་ཟེར་བ་དེ་རྒྱ་ནག་ནུབ་ཕྱོགས་སུ་གནས་པའི་མི་རིགས་འགའི་སྤྱི་མིང་ཡིན་པས་གསུངས། དེ་ནི་རྒྱ་ནག་པ་ཚོས་བོད་ཀྱི་རུས་རྒྱུད་ཚོ་བ་ཁང་ལ་ཆྭང་དང་བྷོ་ཆྭང་ཟེར་བ་ལས་བོད་པ་རང་ལ་གྲགས་མེད་པས་རིགས་རྒྱུད་གཞན་མིན་པར་ངེས།དེ་ཙམ་གྱིས་བོད་རྒྱ་རིགས་ལས་མཆེད་པར་བརྗོད་དཀའ་བ་དང་བོད་འདི་ངེས་པར་དུ་ཆྭང་ལས་འབྱུང་དགོས་དོན་མེད་ལ་ཆྭང་དེ་ཡང་རྒྱ་རིགས་ཡིན་པའི་ངེས་པ་མེད་པར་གསུངས་འདུག་པས་དོན་ལ་གནས་པར་སེམས།

བོད་པ་རང་གི་ས་ཐོག་ནས་བྱུང་བར་འདོད་པ་ནི།
ཆེས་སུ་ཇོ་བོ་རྗེ་དང་གྲུབ་ཐོབ་དངོས་གྲུབ་གཉིས་ནས་གཏེར་ལས་བཏོན་ཟེར་བའི་༼བཀའ་ཆེམས་ཀ་ཁོལ་་མ་༽དང་༼མ་ནི་བཀའ་འབུམ་༽ཁུངས་བྱས་ནས་བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་ཕལ་ཆེ་བར་སྤྲེའུ་དང་བྲག་སྲིན་བྱ་བའི་སྤྲ་རིགས་ཀྱི་སྲོག་ཆགས་གཉིས་ལས་འཕེལ་བའི་གཏམ་རྒྱུད་སྔ་མོ་ནས་གྲགས་ཆེ་བ་ལྟར་བཤད་ཚུལ་དེ་ནི་དེང་རབས་ཚན་རིགས་དང་མཐུན་པའི་བཤད་གསོལ་བཟང་པོ་ཞིག་ཡིན་པ་དང་།
བོད་ལྗོངས་གཉའ་ལམ་དང་།དིང་རི།ཆུ་གོང་།ཆབ་མདོ།འབྲུ་ཆུའི་སྟོད་རྒྱུད་དང་རྨ་ཆུའི་འབབ་ཡུལ་སྨད་ཤིང་ཀུན་སོགས་ནས་ཐོན་པའི་དཔང་རྟགས་གྱ་ནོམ་པ་སོགས་ཀྱི་ར་སྤྲོད་བྱུང་བ་ནི།བོད་ཡུལ་མདོ་དབུས་མཐོ་སྒང་འདིར་འདས་པའི་ལོ་ངོ་ལྔ་སྟོང་སྔོན་གྱི་རྡོ་ཆས་སྤྱོད་པའི་དུས་སྐབས་ནས་བཟུང་། རང་རིའི་མིེས་པོ་གོང་མ་རྣམས་གནས་འདིར་འཚོ་བཞུགས་བྱེད་མྱོང་བ་མ་ཟད་ཁོང་ཚོ་བོད་ཡུལ་འདིའི་བདག་པོར་གྱུར་བ་་ཡང་རྟོགས་ཐུབས་པར་