བརྩེ་དུང་གི་གསང་བ།
པུའུ་ལེ་ཏེ་པི་ཐེ་ Brad Pitt ཡིས་བྲིས།
ངའི་བཟའ་ཟླར་ན་ཚ་ཕོག་ཡོད།
མོ་རང་ལས་ཀ་དང་སྒེར་གྱི་གནད་དོན་ཕྱིར།
སྒེར་ལ་ཕམ་ཁ་བྱུང་ཞིང་ཕྲུ་གུ་ཚོའི་གནད་དོན་བཅས་ཀྱིས་མུ་མཐུད་སེམས་ལ་འཚུབ་ཆ་ཡོང་གི་འདུག
མོ་རང་གཟུགས་པོའི་ལྗིད་ཚད་ཕལ་ཆེར་རྒྱ་མ་སུམ་བཅུ་ཙམ་ཆགས་འདུག
མོ་རང་ལོ་སོ་ལྔའི་སྐབས་གཟུགས་པོའི་ལྗིད་ཚད་རྒྱ་མ་དགུ་བཅུ་རེད།
མོ་རང་ཧ་ཅང་རྐམ་རིད་དུ་གྱུར་བ་མ་ཟད་རྒྱུན་དུ་ངུ་ནས་བསྡད་ཀྱི་ཡོད།
ད་མོ་རང་དགའ་སྤྲོ་མེད་པའི་བུད་མེད་ཅིག་རེད།
མོ་རང་རྒྱུན་མཐུད་ཀྱི་མགོ་དང་སྙིང་ན་བའི་རྐྱེན་དང་།
ད་དུང་རྒྱབ་དང་རྒས་རུས་བཙིར་ནས་དབང་རྩ་འཁྲུག་སྟེ་སྡུག་ངལ་མྱོང་བཞིན་ཡོད།
མོ་རང་གཉིད་ཡག་པོ་ཁུག་ཐུབ་ཀྱི་མི་འདུག
ཞོགས་པའི་དུས་སུ་གཞི་ནས་གཉིད་འཁུག་པ་དང་ཉིན་མོར་ལམ་སེང་དཀའ་ལས་ཁག་ཆོག་ཆོག་རེད།
ངེད་གཉིས་དབར་གྱི་འབྲེལ་བ་དེ་ཁ་ཐོར་ཆོག་ཆོག་གི་ཕྱོགས་སུ་སླེབས།
མཛེས་སྡུག་ནི་མོ་དང་ཁ་གྱེས་ཏེ་ས་གནས་གཞན་ཞིག་ལ་སོང་ཚར།
མོའི་མིག་པགས་ལྷུང་ཚར་འདུག མོས་རྟག་ཏུ་སོ་སོའི་མགོ་ལ་རྡུང་གི་འདུག
དེ་ཙམ་མ་ཟད་མོས་སོ་སོའི་བདེ་ཐང་དང་ཕྱིའི་རྣམ་པར་གཅེས་སྤྲས་བྱེད་ཀྱི་མེད།
མོས་གློག་བརྙན་མི་སྣ་ཅི་འདྲ་ཞིག་ཡིན་རུང་འཁྲབ་བརྩིས་མི་འདུག
ང་རང་མོ་ལ་རེ་བ་བརླགས་ནས་ད་དུང་ངེད་གཉིས་མགྱོགས་པོ་བཟའ་ཚང་ཁ་ཐོར་འགྲོ་ས་རེད་ཅེས་ངོས་འཛིན་བྱས་པ་ཡིན།།
འོན་ཀྱང་ངས་བྱ་སྤྱོད་ཅིག་སྤེལ་རྒྱུ་ཐག་བཅད་པ་ཡིན།
གང་ཡིན་ཟེར་ན། མདོར་ན་ང་ལ་འཇིག་རྟེན་འདིའི་ཐོག་ཆེས་མཛེས་སྡུག་ལྡན་པའི་བུད་མེད་ཅིག་དབང་ཡོད།
མོ་རང་ནི་འཛམ་གླིང་ཐོག་ཕོ་མོ་ཕྱེད་ལྷག་་གི་སེམས་ཀྱི་ཁ་ཕྱོགས་ས་ཞིག་རེད།
དེ་བས་ང་རང་ནི་ཁོང་མོའི་འཕྲིས་སུ་ཉལ་ཆོག་ཅིང་མོ་རང་གི་ཕྲག་པར་འཐམ་ཆོག་པའི་གང་ཟག་དེ་ཡིན།
ངས་མོ་རང་ལ་མེ་ཏོག་དང་འོ་སྦྱིན་ནས་བསྟོད་བསྔགས་དང་བྱམས་སྐྱོང་བྱེད་འགོ་བརྩམས།
ངས་མོ་རང་སྐར་མ་རེ་རེའི་ནང་དགའ་སྤྲོ་དང་ཧང་སང་དགོས་པ་བཟོ་བཞིན་ཡོད།
ངས་མོ་རང་ལ་ལག་རྟགས་མང་པོ་སྤྲོད་ཅིང་མོ་རང་ཆེད་དུ་འཚོ་བཞིན་ཡོད།
མི་མང་པོ་འདུ་འཛོམས་ས་ནས་ངས་མོ་རང་མ་གཏོགས་གླེང་གི་མེད།
ངའི་བརྗོད་གཞི་ཡོད་ཚད་མོ་རང་ལ་ཁ་ཕྱོགས་ནས་ངེད་གཉིས་དང་གཞན་གྲོགས་པོའི་མདུན་དུ་མོ་ལ་བསྟོད་བསྔགས་གཏོང་གི་ཡོད།
ཁྱོད་རང་གིས་ཡིད་ཆེས་ཁག་པ་ཞིག་སྟེ།
དེང་སང་མོ་རང་གུ་ཡངས་པོ་ཆག་འགོ་བརྩམས་ཤིང་དེ་བས་སྔོན་ལས་ཧ་ཅང་ཡག་ཏུ་སོང་འདུག
མོའི་གཟུགས་པོའི་ལྗིད་ཚད་མཐོ་རུ་འགྲོ་བཞིན།
སེམས་ལ་འཚུབ་ཆ་མེད་ཅིང་ང་ལའང་སྔོན་མ་ལས་བརྩེ་བ་ཆེ་རུ་འགྲོ་བཞིན་འདུག
ངས་དེ་སྔོན་མོ་རང་གིས་བརྩེ་དུང་འདི་འདྲ་མང་པོ་བཅང་ཐུབ་པའི་སྐོར་བསམ་བློར་འཁོར་མྱོང་མེད།
དེ་ནས་ངས་གནས་སྟངས་གཅིག་གསལ་པོ་རྟོག་ཡོད།
དེ་ནི་༼ བུད་མེད་ཅིག་ཡོད་པ་དེ་མོ་རང་གི་བཟའ་ཟླའི་ལུས་ཐོག་ནས་ཕྱོགས་གཞན་ལ་འཕྲོས་བཞིན་པའི་གཟུགས་ཀྱི་གྲིབ་མ་ཞིག་རེད། ༽ ཅེས་པ་དེའོ།
༼ མཆན་འགྲེལ། གོང་གསལ་རྩོམ་པ་པོ་པུའུ་ལེ་ཏེ་པི་ཐེ་ Brad Pitt ནི་འཛམ་གླིང་ཐོག་གི་གློག་བསྙན་འཁྲབ་སྟོན་མ་གྲགས་ཅན་ཨྭན་ཅེ་ལི་ན་ཧྥི་ལི་ Angelina. Jolie ཡི་ཁྱོ་བོ་དང་ཁོ་རང་ཡང་གློག་བརྙེན་འཁྲབ་མཁན་སྐད་གྲགས་ཅན་ཞིག་ཡིན། ཉེ་དུས་ནས་བཟུང་འཁྲབ་སྟོན་མར་ནུ་མའི་སྤྲན་ནད་ན་རྗེས་ནུ་མར་བཤག་བཅོས་ཤུགས་ཆེན་བྱས་པ་དང་མོ་རང་འཇིག་རྟེན་འདིའི་ཐོག་རྒྱུན་རིང་འཚོ་མི་ཐུབ་པ་སོགས་དྲ་ལམ་ཁག་ཏུ་གླེང་བཞིན་འདུག ༽