ལྷོ་ཕྱོགས་མོན་གྷོ་རུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།
ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢།༣༠་ཕྱེད་ཐོག་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་དང་།
 སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་གཞིས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་གཙོས་དགའ་ཤར་གྲྭ་ཚང་གི་མཁན་ལས་ཟུར་དང་དགེ་བསྐོས་ཕྱག་མཛོད་བླ་སྤྲུལ་དགེ་བཤེས་སོགས་ལས་སྣེ་བ་རྣམ་པ་དང་།   དེ་བཞིན་དགའ་ཤར་་སློབ་གྲྭའི་འབྲེལ་ཡོད་སྤྱིན་བདག་དང་། དགའ་ཤར་སློབ་གྲྭའི་དགེ་སློབ་ཡོངས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་རྣམས་ཀྱིས་༧གོང་ས་མཆོག་གིསསྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་། འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་སྐུའི་འཁྲུངས་སྐར་མཛད་སྒོ་དང་སྦྲགས་ཞབས་བརྟན་གསོལ་འདེབས་དང་བདེན་ཚིག་སྨོན་ལམ་སོགས་གསོག་སྒྲུབ་གནང་སོང་།

དེ་ནས་སྐུ་མགྲོན་རྣམ་པས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་དགུང་ལོ་༡༦ ནས་ད་ལྟའི་བར་ཆོས་སྲིད་གཉིས་ཀྱི་ཐོག་ནས་བོད་མི་ས་ཡ་དྲུག་ལ་དྲིན་གྱིས་ཇི་ལྟར་བསྐྱངས་པའི་སྐོར་དང་། ལྷག་པར་དུ་འབྱུང་འགྱུར་༧གོང་ས་མཆོག་གི་དགོངས་བཞེད་ཇི་བཞིན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས། གང་ཐུབ་ཅི་ནུས་ཀྱི་སྒྲུབ་དགོས་སྐོར་སོགས་ཀྱི་ཐད་ལ་རིམ་པས་བཀའ་སློབ་དང་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
དེ་བཞིན་ཉིན་དེར་འབྲས་སྤུངས་བློ་གསལ་གླིང་སློབ་གྲྭའི་ཁོར་ཡུག་ཚོགས་ཆུང་གིས་ཉིན་དེར་་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་མོན་གྷོ་ས་གནས་ཀྱི་སྲང་ལམ་སོགས་ཁོར་ཡུག་གཙང་བཟོ་དང་། ལྷག་པར་དུ་རང་བྱུང་སྣོད་ཀྱི་འཇིག་རྟེན་ལ་སྲུང་སྐྱོབ་དགོས་སྐོར་དང་ཆུ་ནི་འཇིག་རྟེན་གྱི་གཅེས་ནོར་ཡིན་ཅེས་པའི་༧གོང་ས་མཆོག་གིས་གདམ་པའི་བཀའ་སློབ་འགྲེམས་སྤེལ་སོགས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་འདུག
མོན་གྷོ་གསར་འགོད་པས།