༄༅།། མུ་ནཱ་ལའི་སྙན་ངག།

          

རྩེད་མཚར་གྱི་བྲོ་བ་རོལ་ཏེ་མུ་ནཱ་ལའི་གྲོང་དུ་བཞུད་་་་་་་་་་་་་

མུ་ནཱ་ལའི་འཇིག་རྟེན་དེ་ངའི་རང་ཁྱིམ་དྲོན་མོའི་འོད་སྣང་དང་འགྲོགས་བཞིན་་་་་་་་་་་

མུ་ནཱ་ལའི་རི་ཆུ་དང་ཁོར་ཡུག་ནི་ཅི་འདྲའི་མཛེས་སྡུག་གི་

དྲོད་ཁོལ་ལ་རོལ་བཞིན་་་་་་་་་་མུ་ནཱ་ལའི་གྲོང་ཁྱེར་དང་འཚོ་བ་ནི་

ངོ་མཚར་འཛུམ་མེར་ཀྱིས་ཁེངས་་་་་་

ཀུ་ཤིང་དང་ཨ་སྨྲ་སོགས་ཀྱི་འབྱུང་ཁོང་་་་་་

མུ་ནཱ་ལེ་་་་་་རྩྭ་ཐང་དང་དྭངས་གཙང་གི་རི་ཆུ་སོགས་འདི་ན་རྩེད་བཞིན་་་་་་་་་་་་

སེམས་ཁམས་སུ་འོད་སྣང་བསུ་བའི་མི་ཡུལ་གྱི་ཞིང་མཆོག་་མུ་ནཱ་ལེ་་་་་

གནས་འདི་རུ་ཁེར་རྐྱང་གི་གསེར་འབྲོང་ང་་་་་་་་་་

ཁྱེད་ཀྱི་དྲོད་ཁྱིམ་དང་འཛུམ་དངས་མཇལ་སར་ཆས་ཡོད་་་་་་

མུ་ནཱ་ལེ་་་་་་སྐྱོ་གདུང་གི་ཁྲོ་གཉེར་བརྩེགས་མ་ཁྱེད་མཇལ་

སྐབས་དབྱངས་སུ་ཡལ་་་་་་་་མུ་ནཱ་ལེ་་་་་་་་་་་་་

སྙན་བཅུད་ཀྱི་བརྗོད་གཞི་རྩོམ་ས་མུ་ནཱ་ལེ་་་་་་་་་་་་

ངའི་པང་ཁུག་ན་ཉར་བའི་ཡིད་འོང་གི་མཛེས་ལྗོངས་མུ་ནཱ་ལེ་་་་་་་

དུངས་ཞེན་དང་རེ་འདོད་གླེང་སའི་ས་ཆེན་གྱི་མ་ཡུམ་ཆེན་མོ་་་་་་་་་་་་་

བརྒྱ་ཕྲག་ཡར་སྔོན་གྱི་སྐབས་སུ་ཁྱེད་ནི་་་་་་་་

གངས་ཅན་པའི་ཆ་ཤས་དང་དངོས་ཡོད་ཀྱི་ལོ་རྒྱུས་གསལ་པོར་ཡོད་་་་་་་་་་་་་་་་

དེ་རིང་ཁྱེད་ནི་གཞན་ཞིག་གིས་པང་ཁུག་ན་ཁུ་སིམ་མེར་གཟིམས་སོང་་་་་་་་་་་་་་་་་་

ང་ཚོ་ལ་མ་དབང་པར་གཞན་ཞིག་གིས་མངའ་ཁོངས་སུ་བསྡུས་ཟིན་་་་་་་་་་

ཕྱི་མིག་གི་སོ་ཁོང་ངོགས་སུ་འགྱོད་གདུང་གིས་མིག་ཆུ་བཞུར་་་་་་་་་་་

ལོ་རྒྱུས་ཤིག་ལ་འཁང་ར་དང་མཆིལ་ཞགས་ཡང་ཡང་ཤོར་་་་་་་་་་་་་་་་་་་

མུ་ནཱ་ལེ་་་་་་་་་་་་་་་་དཔྱོད་ཤེས་ཀྱི་མིག་ཞགས་རང་ཡུལ་ལ་གནང་བཞིན་་་་་་་་་་་་་་་

ངོ་མཚར་གྱི་འོད་ཁྱིམ་རེ་རེ་ངའི་སེམས་ཁོང་ལ་འབར་བཞིན་་་་་་་་་་་་་་་་་་་་་་་་་་

་མུ་ནཱ་ལེ་་་་་་

ཕ་ཡུལ་གྱི་སྤོབས་སྟོབས་བརྟན་པོར་དགོང་དུ་འདེགས་པའི་མུ་ནཱ་ལེ་་་་་་་་་་་་

ཕ་ཡུལ་གྱི་རང་ཚུགས་ཆུ་ལ་འཕེན་མྱོང་མེད་པའི་མུ་ནཱ་ལེ་་་་་་

ལར་ཞེན་དང་དུངས་སེམས་ལྡན་པའི་མུ་ནཱ་ལེ་ཁྱེད་ནམ་ཡང་་་་་་་་་་་

དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་

གསེར་འབྲོང་སྲས་ཀྱིས་སུག་བྲིས་བགྱིས་སོ།།  ༢༠༡༣    ༢༣