༄། མཚར་གཏམ་ཞིག །

གཉིས་སྟོང་གཅིག་ལོའི་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ན་ཡོད་པའི་འཛམ་གླིང་ཚོང་འབྲེལ་ལྟེ་གནས་ཀྱི་ཁང་བརྩེགས་རིང་ཤོས་གཉིས་ལ། འཇིགས་བསྐུར་རིང་ལུགས་པས་འགྲུལ་བཞུད་གནམ་གྲུ་གཉིས་བསྣུན་པས་ཐལ་རྡུལ་དང་བཅས་རྨིང་ནས་འགྱེལ་སོང་བ་རེད། གློ་བུར་ཅན་གྱི་གནས་ཚུལ་མི་ལེགས་པ་དེ་བྱུང་རྗེས་ཨ་རིའི་སྲིད་འཛིན་བྷུ་ཤུས་ལམ་སང་རྒྱ་ནག་གྱི་སྲིད་འཛིན་ཅང་ཙི་མིན་ལ་ཛ་དྲག་ངང་ཁ་པར་ཞིག་ཕུལ་འདུག །དེ་དུས་རྒྱ་ནག་ལ་མཚན་མོ་འཁེལ་ཡོད་པས་བློ་མཐུན་ཅང་ཉལ་བསྡད་ཡོད་པ་དང་། ཁ་པར་དྲིལ་སྒྲ་ཐོས་པས་བློ་མཐུན་ཅང་ཉལ་སའི་ནང་ནས་མགོ་བོ་བཀྱོག་ཏེ་ཁ་པར་ནང་ལ་ཝེ་་་རང་སུ་ཡིན་ཞེས་ལབ་དུས་སྲིད་འཛིན་བྷུ་ཤུས་བློ་མཐུན་ཅང་ལ། ཧཱ་ལོ་་་་ང་སྤུན་ཆུང་བྷུ་ཤུ་ཡིན་ཞེས་ལན་བཏབ། ཅང་གིས་ཡ་དེ་ནས་གསུངས་དང་།

བྷུ་ཤུས་་་ཡ་ཇོ་ཇོ་རྒན་པ་ལགས། དེ་རིང་ང་ཚོ་ཨ་རི་ལ་ཛ་དྲག་འཇབ་རྒོལ་འཇིགས་བསྐུལ་ཞིག་སླེབས་བྱུང་། ཁྱེད་ཀྱིས་བསམ་ན་གནས་ཚུལ་མི་ལེགས་པ་འདིའི་ཕུགས་འདུག་སུ་རེད་དྲན་གྱི་འདུག་ཅེས་གློ་བ་ཉེ་བའི་ངང་སྐད་ཆ་དྲིས། ཅང་གིས་སྐད་ཆ་དེ་ཐོས་འཕྲལ་ཁོ་རང་གི་སྐྱེ་དམན་ལ་གློག་སྒྲོན་དང་གློག་སྒྲོན་དང་ཞེས་སྐད་བརྒྱབ། དེ་ནི་རྒྱ་སྐད་ནང་གི་སྒྲ་གདངས་དངོས་གནས་དེ་ཁེ་ཏེན་ཏིང་༼開電燈!༽ཞེས་ཟེར་ན་ཡང་ཅང་དང་རྒྱ་མི་མང་པོའི་ཡུལ་སྐད་ཀྱི་སྒྲ་གདངས་ལ་ལཱ་ཏེན་ཏིང་ལྟ་བུའི་སྒྲ་གདངས་ཡོང་གི་ཡོད་པས། ཅང་གིས་ལཱ་ཏེན་ཏིང་། ལཱ་ཏེན་ཏིང་ཞེས་སྐྱེ་དམན་ལ་ཚར་གཉིས་བོས་པ་དེས་སྲིད་འཛིན་བྷུ་ཤུས། ཨོ་ཡ་ཡ་ད་ཧ་གོ་སོང་ཧ་གོ་སོང་Oh I see, Laden Laden I got you.བཀའ་དྲིན་ཆེ་ཞེས་ལབ་ཞོར་བྲེལ་འཚུབ་དང་བཅས་ཁ་པར་ནང་སྐད་ཆ་བཤད་མཚམས་བཞག་པ་རེད། །