ཨིན་ཌོ་ནི་ཤི་ཡའི་བཙོན་པ་༡༥༠ བྲོས་བྱོལ།
ཕྱི་ཟླ་༧ ཚེས་༡༡ དགོང་མོ་ཨིན་ཌོ་ནི་ཤི་ཡའི་(Indonesia) སུང་མ་ཐི་རཱ་ཞེས་པའི་གྲོང་ཁྱེར་ནང་གི་བཙོན་ཁང་ཞིག་ཏུ་བཙོན་པ་མཉམ་རུབ་ཀྱི་འཁྲུག་ཟིང་དོན་རྐྱེན་བྱུང་སྟེ། ཉེས་ཅན་པ་༡༥༠ ཙམ་བྲོས་སོང་ཡོད་པ་རེད།
འབྲེལ་ཡོད་བཙོན་སྲུང་དཔོན་རིགས་ཤིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཐོག་མར་དུས་ཚོད་གང་འཚམས་ཤིག་གི་ནང་དུ་གློག་ཤི་སྟེ་བཙོན་པའི་འཐུང་ཆུ་ཆད་ཡོད་པ་དང་། དེར་བརྟེན་ནས་ཟིང་འཁྲུག་གི་དོན་རྐྱེན་བྱུང་སྟེ་བཙོན་ཁང་ལ་མེ་ཤོར་ཡོད་པ་དང་། དེའི་སྐབས་སུ་བཙོན་པ་རྣམས་སྟངས་འཛིན་མ་ཐུབ་པར་བཙོན་པ་༡༥༠ ཙམ་བྲོས་ཤོར་ཡོད་འདུག
ད་ལྟའི་ཆར་གཞུང་གིས་ས་གནས་དེར་ཉེན་རྟོག་པ་དང་དམག་མི། དེ་བཞིན་མེ་གསོད་རུ་ཁག་སོགས་མང་པོ་ཆེད་གཏོང་གིས་བཙོན་ཁང་གི་གནས་སྟངས་རྒྱུན་ལྡན་ལྟར་བསྐྱར་གསོ་བྱེད་བཞིན་པ་དང་། བྲོས་བྱོལ་དུ་ཤོར་བའི་ཉེས་ཅན་པ་རྣམས་འཇུ་བཟུང་གི་ཆེད་དུ་ས་གནས་དེར་སྔོག་བཤེར་ནན་མོ་བྱེད་བཞིན་ཡོད་པ་རེད།
བཙོན་ཁང་དེའི་ནང་ནས་བྲོས་ཤོར་བའི་བཙོན་པའི་ནང་དུ་འཇིགས་སྐུལ་འཇབ་རྒོལ་གྱི་ཉེས་མིང་འོག་བཙོན་འཇུག་བྱས་པའི་བཙོན་པ་ཁ་ཤས་ཤིག་ཀྱང་ཡོད་པ་རེད་འདུག །
