༄༅།། དུས་རབས་ཤིག་གི་བོད་མི་གསར་བརྗེ་པ།།
གཉའ་གནོན་དང་བཙན་འཛུལ་ལ་མགོ་བོ་སྒུར་མྱོང་མེད་པའི་འབའ་ཕུན་ཁོང་་་་་
བྲན་གཡོག་ལམ་ལུགས་ལ་གདོང་ལན་གནང་མཁན་གྱི་བོད་མི་གསར་བརྗེ་པ་་་་་་་་་་་་་
ནང་མི་ལ་མཐུན་སྒྲིལ་དང་བརྩེ་བ་རྣོ་བའི་འབའ་ཕུན་ཁོང་་་་་་་་་་་་
་
རང་ཉིད་ལ་ཡིད་ཆེས་སྟེར་བའི་འབའ་ཐང་གི་མཁས་རྒན་ཁོང་་་་་་་་་
གཅེས་སྲོག་དང་བདེན་དོན་གྱི་ཆེད་དུ་ངོ་ལོག་བྱེད་མཁན་གྱི་ཕར་རྒོལ་ཁོང་་་་་་་་་་་
མེ་མདའ་དང་བརྙས་བཅོས་སོགས་སུ་རྒོལ་བ་གྲངས་མེད་བྱེད་མཁན་གྱི་དཔའ་བོ་ཁོང་་་་་་་་་་་
ནམ་ཡང་མགོ་བོ་འདོགས་སྲོལ་མེད་པའི་འབའ་ཐང་གི་གསར་རྗེས་པ་ཕུན་དབང་་་་་་་་་་་་་་
ཁྱེད་ལྟ་བའི་རང་གཤིས་སྒམ་ཚུགས་ཅན་གྱི་ཕོ་རྒོད་ཅིག་མི་ཡུལ་ནས་སྟོང་ལ་ཁད་་་་་་་་་་་་་
ཁེར་རྐྱང་གི་དཔའ་རྒོད་མཁྲེགས་པོ་ཞིག་རྒན་ཡོལ་བཞེས་ལ་ཉེ་་་་་་་་་་་
ཁྱིམ་ཚང་འདི་ཚོའི་དྲོད་ཁོང་གཞན་ཞིག་ལ་འགྱུར་ཡང་སྲིད་ཕངས་སེམས་ཆེ་་་་་་་་་་་་་
རང་གཤིས་ཀྱི་གཏན་ཚིགས་རེ་རེ་བོད་གསར་རྙིང་གི་གདོང་མདོ་ན་གསལ་གྱིན་ཡོད་་་་་
རླུང་དམར་ཀྱི་དུས་རབས་ཤིག་ལ་ངར་ཤུགས་ཀྱིས་རྣོ་ཁ་དམར་རྗེན་ལ་ཕུད་མཁན་་་་་་
སྙིང་སྟོབས་དང་རང་དབང་གིས་དར་ཆ་གྱེན་ཏུ་འཕྱར་མཁན་་་་་་་་
ཁྲག་དྲི་དང་མིག་ཆུ་ལ་འགྱུར་མེད་ཀྱིས་གདོང་ལན་གནང་མཁན་་་་་་་་་་་་་་
མནར་གཅོད་དང་སྡུས་ཡུས་ཀྱིས་རླུང་དམར་ག་དུས་འཚུབ་རུང་
སེམས་ཕམ་མེད་པའི་ཁམས་པའི་མི་རྒན་ཁོང་་་་་་་་་་་
ཤེས་རིགས་ཀྱི་མཛེས་ལྗོངས་བསུ་བའི་རང་ཚུགས་ཅན་གྱི་བོད་མི་
གསར་རྗེས་པ་ཕུན་དབང་ཁོང་་་་་་་་་་་་་
ཁྲོ་ལྕགས་བསྲེས་པའི་བཙོན་ཁང་གི་འོག་སྟེང་ན་ཁྱེད་ཀྱི་གློ་སྙིང་མཆོང་ཀྱིན་་་་་་་་་
འཁྱག་རོམས་དང་ཁ་བའི་ངོ་ཁ་ན་མི་རབས་ཀྱི་རུས་སྐང་དམར་པོ་གྱེན་ཏུ་སྤར་མཁན་་་་་་་་་
ཚན་རྩལ་དང་དུས་རབས་ཀྱི་ཕོ་འགྱུར་ལ་དཔྱད་བརྗོད་གསར་པའི་ཁ་བྱང་གནང་མཁན་་་་་་་་་་་་་་་་་་་་་རྐང་ལྕགས་དང་ལག་ལྕགས་ཀྱིས་རུས་གསེང་ལ་སོས་མེད་ཀྱི་རྨ་ཁ་
གྲངས་མེད་་་་་་་་་་ལྕགས་གཟེར་གྱིས་ཁྱེད་ཀྱི་སྐུ་ཕུང་ལ་ན་ཟིག་གིས་ས་ཁྲ་བཟོས་་་་་་་་་་་
ཁྱེད་ཀྱི་སྤོབས་སྟོབས་གཙང་ཆུ་བཞིན་ད་དུང་ཆད་མྱོང་མེད་་་་་་་་་་་་་་་་
དོན་གནས་གྱི་གསར་རྗེས་པ་ཕུན་དབང་ལགས་་་་་་་་་་མར་ཁེ་སེའི་ལྟ་གྲུབ་ལ་ཕུལ་བྱུང་གི་མཁས་རྒན་དམ་པ་ཕུན་དབང་ཁོང་་་་་་་་་་་་་་་རྒྱུ་སྐར་རྩིས་རིག་སོགས་སུ་
དཀར་གསལ་གྱི་འོད་སྣང་ལམ་ལམ་སྒྲོན་མཁན་བོད་མིའི་ཚེ་འབར་གསོན་པོ་་་་་་་་་་་་་
གཞུང་ལུགས་རྙིང་པའི་གླག་བམ་ཐུགས་དབུས་སུ་བཅངས་པའི་བོད་རིགས་ཀྱི་སྣེ་ཁྲིད་པ་་་་་་
དེངས་རབས་ངོ་མཚར་གྱི་རིག་གསར་ཕྱག་མཐིལ་ན་སྣམ་པའི་
བོད་གསར་བའི་གསོན་སྙིང་གི་ཡབ་ཆེན་དམ་པ་་་་་་་་་་་་་་་
དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས་
བྷི་རིའི་བོད་ཀྱི་གཞིས་ཆགས་ནས་སུག་བྲིས་བགྱིས་སོ།། ༢༠༡༣ ༧ ༨