ཟླ་འདིའི་ཚེས་༡༦ ཉིན་གྱི་ཞོགས་པ་རྒྱ་གར་ལྷོ་ཕྱོགས་ཧུན་སོར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་༧གོང་ས་མཆོག་གིས་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་གནང་ཡོད་པ་རེད།
སྐབས་དེར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་བཀའ་སློབ་ལམ་སྟོན་གནང་དོན། “ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོ་རང་དབང་གི་ལུང་པར་གནས་བསྡད་ཡོད་རེད། ང་ཚོའི་ལས་འགན་དེ་སོ་སོ་རང་ཉིད་འཚོ་བའི་སྐད་ཆ་གཅིག་པུ་མ་རེད། ང་ཚོ་བོད་མི་རིགས་རིག་གཞུང་དང་བཅས་པ་དེ་དག་གི་དོན་དག་ལ། ང་ཚོ་རང་དབང་ལུང་པའི་ནང་ལ། གང་ལྟར་སོ་སོས་དམིགས་ཡུལ་ཞིག་བཟུང་། འགན་ཞིག་ཁུར་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག གལ་ཆེ་ཤོས་ཁྱེད་རང་ཚོའི་བུ་ཕྲུག་གཞོན་གཞོན་དེ་དག་རྒྱ་གར་ལ་སྐྱེས། གཞི་ནས་སློབ་སྦྱོང་བྱས་ནས་འཚར་ཡོང་གི་ཡོད་རེད། དེར་བརྟེན། ང་ཚོ་བོད་པ་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་དང་། བོད་པའི་ཆོས་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་ཞིག་ཤེས་པ་བྱས། དེ་ནས་དོ་སྣང་བྱས་ནས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། དེ་ནས་རྩ་བ་འདྲ་པོ་དེ་བོད་ཡིག་རེད། ཚང་མས་བོད་ཡིག་ལ་དོ་སྣང་དང་གཟབ་གཟབ་བྱེད་རོགས་གྱིས། དེ་ནས་ང་ཚོ་གཞིས་ཆགས་ཟུར་དུ་གཅིག་ཚུགས་དགོས་པའི་རྒྱུ་མཚན། བོད་པའི་སློབ་གྲྭ་ཟེར་ནས་བོད་སློབ་ཚོགས་པ་བཙུགས་ནས་ཟུར་དུ་དེ་འདྲ་ཞིག་བྱེད་དགོས་པའི་རྒྱུ་མཚན་དེ་གང་ལྟར་བོད་པའི་སྐད་ཡིག་ཅིག་ཡོད་པ་རེད། དེའི་ནང་ལ་བོད་རང་གི་རིག་གནས་ཆེ་བ་ལྔ་ལ་སོགས་པ་དེ་འདྲའི་རིག་གནས་མང་པོ་ཡོད་པ་ཡིན་དུས། དེ་དག་མི་རབས་ནས་མི་རབས་བར་འཛིན་ཐུབ་པ་ཞིག་གི་དམིགས་ཡུལ་དེ་འདྲ་ཞིག་གི་ཆེད་དུ་བཙུགས་པ་རེད། ད་ང་ཚོ་ལོ་ལྔ་བཅུ་ང་བཞི་ལྷག་འགྲོ་བསྡད་ཀྱི་ཡོད་རེད། གཞིས་ཆགས་ཚུགས་ནས་ད་ལྟ་ལོ་ལྔ་བཅུ་ལྷག་ཅིག་འགྲོ་བསྡད་ཀྱི་ཡོད་རེད། ཁྱེད་རང་ཚོ་ཚང་མས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་རོགས་གྱིས་ཟེར་རྒྱུ་ཡིན། དེ་ནས་ས་གནས་ས་ཐོག་ལ་བསྡད་ནས་ལས་ཀ་བྱས། སློབ་གྲྭའི་དགེ་རྒན་ཚོ་ཡིན་ནའང་འདྲ། དེ་བཞིན་གཞིས་ཆགས་ཀྱི་ལས་ཀ་བྱེད་མཁན་ཚོ་ཡིན་ནའང་འདྲ། ཚང་མས་ད་ལྟའི་བར་དུ་ཧུར་ཐག་བྱས་འདུག ད་དུང་ཡིན་ན་ཚང་མས་ཧུར་ཐག་བྱེད་རོགས་གྱིས་ཟེར་རྒྱུ་ཡིན།”ཞེས་གསུངས་སོང།
གཞན་ཡང་ས་གནས་ཀྱི་བོད་མི་ཉམ་ཐག་རྣམས་ལ་འབྲེལ་ཡོད་ནས་ལྟ་རྟོག་དགོས་པ་མ་ཟད། གཞིས་ཆགས་ནང་གི་ཆོས་སྡེ་ཁག་ཚོས་ཀྱང་ཡི་ཤུ་ཆོས་པ་ཚོ་ནང་བཞིན་ཉམ་ཐག་ཚོར་རོགས་རམ་བྱེད་དགོས་པའི་སྐུལ་མ་གནང་བའི་བཀའ་སློབ་གནང་དོན། “མི་མང་སྐྱོ་པོ་དེ་ཚོས་བདེ་སྡུག་ཞུ་དགོས་རེད། བདེ་སྡུག་བཤད་མ་ཐུབ་པ་བྱས་ནས་ཁ་རོག་ལ་སྡུག་སྒོམ་བརྒྱབ་ནས་བསྡད་ན་ཐབས་སྐྱོ་པོ་ཞེ་དྲག་རེད། དེ་ནས་ང་ཚོ་བྱམས་པ་དང་སྙིང་རྗེ་ཁ་ཙམ་ལ་ཁུར་བསྡད་མཁན་གྱི་སྤྱི་ཚོགས་ཀྱི་ནང་ལ་སྐྱོ་བོ་དེ་འདྲ་ལྷག་བསྡད་པ་ཡིན་ན་ངོ་ཚ་ཡ་ཞིག་རེད། དེ་བཞིན་འདིར་གཞིས་ཆགས་ཚོའི་ནང་ལ་ཆོས་སྡེ་ཆེན་པོ་དེ་འདྲ་ཡོད་རེད། ཆོས་སྡེ་ཚོའི་ཐོག་ནས་ཡིན་ནའང་། ཡེ་ཤུ་ཆོས་པ་ཚོས་ག་འདྲ་བྱེད་ཀྱི་འདུག དེ་བཞིན་ང་རང་ཚོའི་ཆོས་པ་ཚོས་ཀྱང་ཉམ་ཐག་ཚོར་ལྟ་རྟོག་བྱེད་པ་དང་རོགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག བོད་མི་ཙམ་དུ་མ་ཟད་རྒྱ་གར་ཡུལ་མི་སྐྱོ་པོ་འདུག རྒྱ་ཆེན་པོ་དེ་འདྲ་ནི་ང་ཚོས་ཐུབ་ཀྱི་མ་རེད་དེ། ཐུབ་ཚོད་ཐུབ་ཚོད་ཀྱིས་སེམས་ཁུར་བྱས་ནས་རོགས་པ་ཏོག་ཙམ་ཏོག་ཙམ་བྱེད་ཐུབ་ན་ཡག་པོ་རེད།”ཅེས་བཀའ་སློབ་གནང་ཡོད་པ་རེད།
དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གྲུབ་པ་དང་། ༸གོང་ས་མཆོག་ཧུན་སུར་རབ་རྒྱས་གླིང་ནས་ཆིབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་རྒྱུ་ཡིན་པ་རེད། དེ་ནས་གཞིས་ཆགས་དེར་ཟླ་འདིའི་ཚེས་༢༥ བར་ཉིན་གྲངས་༧ ཙམ་གྱི་རིང་ལ། གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་རྣམས་ལ་བསྙེན་རྫོགས་སྒྲུབ་རྒྱུའི་མཛད་འཆར་ཡོད་པ་རེད་འདུག།།
མེ་སོར་གསར་འགོད་པས།