འདོད་བློ་མ་ཁེངས་ན་ལྷིང་འཇགས་ཡོང་ཐབས་མེད།

༄༅།།བོད་མི་རིགས་ཀྱི་མངོན་འདོད་དང་རེ་བ་ཇི་ཡོད་ཀྱི་འདོད་བློ་མ་ཁེངས་བར། དུས་ནམའང་ལྷིང་འཇགས་ཡོང་ཐབས་བྲལ།  ལྷག་པར་རྒྱ་ནག་གཞུང་གི་སྲིད་བྱུས་ལྷིང་འཇགས་ཞེས་པའི་ནང་དོན་ཡང་སྟོང་པ་ཡིན། རྒྱ་ནག་གཞུང་གི་རྒྱུ་དངོས་པོ་དང་ཁྲིམས་སྒྲིག་ཐོག་དྲག་གནོན་འཛིན་བཟུང་གདུག་རྩུབ་བཙོན་འཇུག་དང་ཉེས་བརྡུང་མནར་གཅོད་བཏང་བས།

བོད་མི་རིགས་ཀྱི་འདོད་བློ་དུས་ནམའང་ཁེངས་མི་ཐུབ་ལ། དེའི་བོད་མི་རིགས་དང་མི་རིགས་གཞན་རྣམས་ཀྱི་འདོད་བློ་ཁེངས་པ་བཟོ་ཐབས་དཀའ། བོད་མི་རིགས་དང་མི་རིགས་གཞན་རྣམས་ཀྱི་འདོད་བློ་ཁེངས་པ་བྱ་རྒྱུའི་ཐབས་བྱུས་གཙོ་བོ་ནི་མི་རིགས་དེ་དག་གི་མི་རབས་ནས་མི་རབས། ལོ་རབས་ནས་ལོ་རབས། ཚེ་རབས་ནས་ཚེ་རབས་ཀྱི་ལོ་རྒྱུས་དེ་དག་གཞིར་བཞག་ཐོག་ནས་བོད་མི་རིགས་དང་རྒྱ་མི་རིགས། བོད་ཀྱི་རིག་གཞུང་དང་རྒྱ་ནག་གི་རིག་གཞུང༌།བོད་ཀྱི་སྐད་ཡིག་དང་རྒྱ་ནག་གི་སྐད་ཡིག བོད་ཀྱི་གོམས་གཤིས་དང་རྒྱའི་གོམས་གཤིས།བོད་ཀྱི་ལོ་རྒྱུས་དང་རྒྱ་ནག་གི་ལོ་རྒྱུས། བོད་ཀྱི་ས་དང་རྒྱ་ནག་གི་ས། བོད་ཀྱི་ཟས་དང་རྒྱ་ནག་གི་ཟས། བོད་ཀྱི་དབུ་ཁྲིད་དང་རྒྱ་ནག་གི་འགོ་ཁྲིད། བོད་ཀྱི་རྒྱལ་ས་དང་རྒྱ་ནག་གི་རྒྱལ་ས༌། བོད་ཀྱི་ཁོར་ཡུག་དང་རྒྱ་ནག་ཁོར་ཡུག བོད་ཀྱི་ཆུ་དང་རྒྱ་ནག་གི་ཆུ། བོད་ཀྱི་ས་མཚམས་དང་རྒྱ་ནག་གི་ས་མཚམས། བོད་དམག་དང་རྒྱ་དམག་བཅས་པས་ཐ་སྙད་སོ་སོའི་ཐོག་ནས་རྒྱལ་ཁམས་བསྐྱངས་ཡོད་ན། གལ་སྲིད་དོན་དངོས་ཀྱི་ཞི་བདེ་ལྷིང་འཇགས་དགོས་ན་བོད་མི་རིགས་དང་མི་རིགས་གཞན་རྣམས་ཀྱི་འདོད་བློ་ཁེངས་སླད་དེ་དག་གི་བར་ཡོད་པས་དཀའ་རྙོག་རྣམས་ངེས་པར་སེལ་ཐབས་དགོས།

ལྷག་པར་བོད་རྒྱའི་དཀའ་རྙོག་ཀྱང་ཞི་འགྲིག་གི་ཐོག་ནས་གང་མགྱོགས་གྲོས་མོལ་བརྒྱུད་སེལ་ཚེ་བོད་མི་རིགས་་ཀྱི་དོན་དངོས་འདོད་བློ་ཁེངས་ལ། དེའི་བོད་དང་རྒྱ་ནག་གཉིས་ཀར་ཞི་བདེ་ལྷིང་འཇགས་དང་འཆམ་མཐུན་ཞེས་བརྗོད་ཐུབ་ལ། རྒྱ་ནག་གཞུང་ཡང་འཛམ་གླིང་ནང་དོན་འབྲེལ་སྟོབས་ཆེན་རྒྱལ་ཁབ་ཅིག་དུ་འགྱུར་ཐུབ། དེ་ན་ད་ཡོད་རྒྱ་ནག་འགོ་ཁྲིད་རྣམས་ནས་མ་འོངས་ཕུགས་རྒྱང་རིང་པའི་གནད་དོན་ལ་བསམ་དེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས།

འབྱུང་འགྱུར་དུས་ཚོད་ནང་གནད་དོན་གཞན་མང་པོའི་ཐོག་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་དེ་བཞིན་རྒྱལ་སྤྱི་ནང་རྒྱ་གཞུང་ལ་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་ལས་ཆུ་དུ་ཡོང་ཐབས་དཀའ། མ་འོངས་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཁུལ་དཀའ་རྙོག་གི་རྒྱལ་ཁབ་སྐྱོང་སླད་ཀྱི་ནུས་པ་དཀའ་བར་མ་ཟད། ཁྱིམ་མཚེས་་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་ནང་དུ་འཐབ་རྩོད་བྱ་རྒྱུའི་ནུས་པའང་དཀའ་བས། ད་ལྟ་རྒྱ་ནག་གཞུང་ལ་སྤྱི་ཡོངས་ཀྱི་མིང་ཇི་ཙམ་ཡོད་སྐབས་སུ་བོད་རྒྱའི་དཀའ་རྙོག་ངེས་པར་སེལ་ཐུབ་ན། རྒྱ་ནག་གི་སྤྱི་ཡོངས་ཡར་རྒྱས་དང་ཞི་བདེ་ལྷིང་འཇགས་ལའང་ཤིན་ཏུ་ཕན་རླབས་ཆེ་བར་ཡོང་རེ་ཆེ་ན། དེའི་རྒྱ་ནག་སྤྱི་ཡོངས་ལ་ཐོག་ཡོད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྟག་དུ་བཀའ་སློབ་ལམ་སྟོན་ཕེབས་གནང་མཛད་བཞིན་ཡོད་ན། དེའི་ཐོག་རྒྱ་ནག་གི་འགོ་ཁྲིད་རྣམས་ནས་ངེས་པར་བསམ་ཤེས་དགོས་པ་ཅེས་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ནས་ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡༨ བྲིས།