མཆོད་མེ་རྐང་གཅིག་གི་སྒྱུར་རྩོམ་ཐོག་མ།

                                   མཉམ་གནས་བྱོས།།

 མི་རྒན་ཁོག་ཅིག་ལ་བུ་བཞི་ཡོད་པ་རེད། བུ་དེ་ཚོས་དུས་རྟག་ཏུ་ཅ་དངོས་གཅིག་གམ་ཡང་ན་གནས་ཚུལ་གཞན་གྱི་ཐོག་ལ་འཁྲུག་རྩོད་རྒྱག་གི་ཡོད། དེའི་ཐོག་ལ་ཕ་རྒན་སེམས་པ་ཧ་ཅང་སྐྱོ་བ་མ་ཟད་བུ་ཕྲུག་ཚོའི་འཁྲུག་རྩོད་དེ་བཀག་སྡོམ་བྱེད་པར་དཀའ་ལས་ཁག་པོ་བྱུང་།

དེ་རྗེས་’’ཕ་རྒན་གྱིས་བུ་ཕྲུག་ཚོར་འཁྲུག་རྩོད་དེ་འདྲ་མ་བྱེད། གཅེན་གཅུང་ཡག་པོ་ཞིག་བྱོས་དང་། དེ་ནས་ཁྱེད་ཚོ་བདེ་སྐྱིད་ཀྱི་ངང་གནས་ཐུབ་ཀྱི་རེད་’’ཅེས་བཤད། ཡིན་ན་ཡང་བུ་ཕྲུ་ཚོས་པ་ལགས་ལ་ཉན་འཇོག་མ་བྱས་པ་མ་ཟད། ཁོང་གིས་འཁྲུག་རྩོད་དེ་བཀག་འགོག་བྱེད་མ་ཐུབ། ལོ་ཁ་ཤས་འདས་པའི་རྗེས་སུ་ཕ་རྒན་དེ་ནད་ཀྱིས་མནར་བ་དང་དེས་རྐྱེན་པས་འཆི་ལ་ཁད་དུ་གྱུར། སྐབས་དེར་ཁོང་གིས་རང་གི་བུ་རྣམས་བོས་ནས་’’ཁྱེད་ཚོ་མི་རེས་དབྱུག་པ་རེ་འཁྱེར་ཤོག་’’ཅེས་སྨྲས་པ་དང་།

 ཕྲུ་གུ་ཚོས་རང་རང་གིས་འཁྱེར་བའི་དབྱུག་པ་རྣམས་ཕ་རྒན་ལ་ཕུལ། ཁོང་གིས་བུ་རྒན་པ་ལ་དབྱུག་པ་རྣམས་མཉམ་དུ་དམ་པོར་བསྡམས་པའི་ཆུན་པོ་ཞིག་བཟོས་ནས་འཁྱེར་ཤོག’’ཅེས་བཤད་པ་དང་བུས་དེ་ལྟར་བྱས་ནས་འཁྱེར་ཡོང་། དེས་ནས་ཕ་རྒན་གྱིས་’’དབྱུག་པ་ཆུན་པོ་དེ་དུམ་བུ་གཉིས་ལ་ཐོངས་’’ཞེས་སྨྲས། ཡིན་ན་ཡང་བུས་འབད་པ་ཆེན་པོས་བཅག་ན་ཡང་གཅོག་མ་ཐུབ། བུ་གཞན་རྣམས་ཀྱིས་ཀྱང་ཐབས་ཤེས་དེ་རང་བྱས་ནས་དབྱུག་པའི་ཆུན་པོ་དེ་བཅག་ཀྱང་གཅོག་མ་ནུས། གང་ཡིན་ཞེ་ན་དེ་ཧ་ཅང་མཁྲེགས་པོ་རེད།
དེ་ནས་ཕ་རྒན་གྱིས་འཛུམ་མདངས་དང་བཅས་སྨྲས་པ་’’ད་ཁྱེད་ཚོས་དབྱུག་པ་ཆུན་པོ་དེ་བཤིག་ནས་སོ་སོའི་དབྱུག་པ་ཕར་འཁྱེར་’’ཞེས་སྨྲས། བུ་ཕྲུ་ཚོས་དེ་ལྟར་བྱས་ནས་རང་རང་གི་དབྱུག་པ་ཚུར་བླངས་པ་དང་། ཕ་རྒན་གྱིས་སླར་ཡང་སྨྲས་པ་’’ད་སོ་སོའི་དབྱུག་པ་དུམ་བུར་ཆོགས་ཤིག་’’ཅེས་བཤད་པས་བུ་ཕྲུ་ཚོས་སྤུས་མོར་འཕྲེད་བཀག་གིས་སྒོ་ནས་དུམ་བུ་གཉིས་ལ་བཅག་པ་རེད། དེ་ནས་ཕ་རྒན་གྱིས་བུ་ཕྲུ་རྣམས་ལ་སྨྲས་པ་’’ངའི་མཐའ་མའི་ཁ་ཆེམས་ལ་ཉོན། ཐོག་མར་དབྱུག་པ་རྣམས་མཉམ་དུ་ཆུན་པོ་གཅིག་ཡིན་སྟབས། ཁྱེད་ཚོས་དུམ་བུར་གཅོག་ཐུབ་མེད། དེ་རྗེས་ཁྱེད་ཚོས་ཆུན་པོ་བཤིག་ནས་རང་རང་གི་དབྱུག་པ་ཕར་འཁྱེར་ནས་རེ་རེ་བྱས་བཅག་པས་ཁྱེད་ཚོའི་ལས་འགན་ལས་སླ་པོ་ཆགས་པ་མ་ཟད་ཧ་ཅང་ལས་སླ་པོའི་ཐོག་ནས་དབྱུག་པ་རྣམས་གཅོག་ཐུབ། དེར་བརྟེན་ངའི་བརྩེ་བའི་བུ་ཕྲུ་ཚོ་རྟག་ཏུ་མཉམ་གནས་བྱོས། འཁྲུག་རྩོད་ནམ་ཡང་མ་བྱེད་དང་། ད་གཟོད་ཁྱེད་རྣམས་རང་གི་དགྲ་བོའི་ཉེན་ཁ་ལས་རྣམ་པར་རྒྱལ་ཐུབ་ལ། སུས་ཀྱང་ཁྱེད་ཚོར་གནོད་འཚེ་བྱེད་མི་ཐུབ།།